ཆུ་ཤུར་རྫོང་གིས་སྲིད་ཇུས་སྒྲོག་འགྲེལ་རྒྱུན་རྣམ་ཅན་ལ་མུ་མཐུད་སྐུལ་འདེད་བཏང་བ།
ཉེ་ཆར། ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་དང་གནམ་ཤང་སོགས་ཤང་དང་གྲོང་རྡལ་གྱིས་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ཁྲིམས་ལུགས་དྲིལ་བསྒྲགས་དམ་འཛིན་བྱ་གཞིར་བྱས་ནས། གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་ཆེད་རེད།
ལས་དོན་པས་དུད་ཚང་རེ་རེ་བཞིན་དུ་འཚམས་འདྲི་བྱེད་རིང་། ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་ཁྱིམ་ཚང་ནང་གི་འགལ་ཟླ་དག་ཡུལ་དངོས་ནས་འདུམ་སྒྲིག་དང་། སེམས་ཁམས་གསོ་བ། བཅའ་ཁྲིམས་སྐོར་གྱི་བློ་འདྲི་མཁོ་འདོན། དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་བཅས་བྱས་ཏེ། མང་ཚོགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་ཤེས་ཚད་མང་དུ་དང་ཁེ་དབང་སྲུང་ནུས་ཆེ་རུ་བཏང་བ་རེད།
གནམ་ཤང་ཁྲིམས་འཛིན་སུའོ་ཡིས་ས་གནས་དེ་གའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། གནམ་གྲོང་ཚོར“གྲོང་ཚོར་དམངས་དོན་ཁྲིམས་གཞུང་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས”བྱེད་སྒོ་སྤེལ་བ་རེད། ལས་དོན་པས་ཡུལ་སྐད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་གི་གཉེན་སྒྲིག་ཁྱིམ་ཚང་དང་། ས་ཞིང་འགན་གཙང་ལེན་པ་སོགས་ཐད་ཀྱི་དོན་ཚན་འགྲེལ་བཤད་བརྒྱབ་པ་དང་། དེ་དང་ཆབས་ཅིག དེ་གར་ཐོན་སླ་བའི་ཆུ་ལོག་དང་ས་ཡོམ་སོགས་ཀྱི་གནོད་འཚེར་དམིགས་ནས། ཉེན་གཡོལ་རང་སྐྱོབ་ཤེས་བྱ་འགྲེལ་བཤད་དང་འཕྲལ་སྡོམ་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་གསལ་སྟོན་བྱས་པ་མ་ཟད། ད་དུང་ས་ཡོམ་རྒྱག་སྐབས་ཁ་འགྲེམ་སྟངས་ནང་སྦྱོང་བྱས་ནས། གྲོང་མི་ཚོའི་བཅའ་ཁྲིམས་བྱང་ཚད་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།