དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྣང་རྫོང་གིས་འབྲོག་ལས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-25

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་སྒུལ་ཤུགས་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འགག་རྩའི་རྣམ་གྲངས་བསྐྲུན་པ་དང་། གསོག་ཐེབས་ཐོན་ཁུངས་ཕན་སྒྱུར། འཁོར་རྒྱུག་བྱེད་སྟངས་གསར་གཏོད་བཅས་བྱས་ནས“གཟན་རྩྭ་འདེབས་འཛུགས་དང་། རྒྱུད་བཟང་གསོ་སྤེལ། གཞི་ཁྱོན་གསོ་ཚགས། ལས་སྣོན་ཞིབ་ཚགས། ལྗང་མདོག་འཁོར་རྒྱུག”བཅས་ཀྱི་དེང་རབས་ཅན་གྱི་འབྲོག་ལས་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བཙུགས་ནས་རྫོང་ཁོངས་ཀྱི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ད་ལོའི་ཚུན་དུ། ནས་བཟུང་སྣང་རྫོང་གིས“འཁོར་འབྲེལ་སྣུར་སྲིང་དང་། འཁོར་འབྲེལ་གསབ་པ། འཁོར་འབྲེལ་སྟོབས་ཆེར་གཏོང་བ”བཅས་དམ་འཛིན་བྱ་གཞིར་བྱས་ནས་གོ་སྐབས་དམ་བཟུང་དང་འགག་སྒྲོལ་ཚད་བརྒལ་ཡོང་བར་བྱས་ཏེ་འབྲོག་ལས་ཐོན་ལས་རྣམ་གྲངས་མགྱོགས་མྱུར་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། ཁྱོན་མ་དངུལ་སྒོར་ཁྲི་2980བཏང་བའི་བྱ་རིགས་དང་ཕྱུགས་རིགས་ཀྱི་ལུད་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཀྱིས་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ལའང་ཚ་ཚ་འུར་འུར་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རྣམ་གྲངས་དེ་བསྐྲུན་རྗེས“གཅིག་སྡུད་གསོག་ཉར+སྐྱེ་ལྡན་ལུད་ཐོན་སྐྱེད”བྱེད་སྟངས་བརྒྱུད“གསོ་ཚགས་ཀྱི་བེད་མེད་དངོས་རྫས་གསོ་ཚགས”དེ“སྐྱེ་ཁམས་ཀྱི་ཞིང་ལུད་རྩེ་གྲར་”འགྱུར་བར་བྱས་ནས་འབྲོག་ལས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རེད།

    རྨང་གཞི་བརྟན་དུ་གཏོང་བ་དང་ཆབས་ཅིག་སྣང་རྫོང་གིས་སྔར་ཡོད་ཀྱི་འབྲོག་ལས་ཐོན་ལས་རྣམ་གྲངས་ཀྱི་ཁྱབ་འགྱེད་ནུས་པ་གང་ལེགས་བཏོན་ནས་རྒྱུད་བཟང་གསོ་སྤེལ་དང་ཚན་རིག་དང་མཐུན་པའི་གསོ་ཚགས་གཅིག་གྱུར་བརྒྱུད་འབྲི་གཡག་གི་སྤུས་ཚད་དང་ཐོན་ཚད་གཉིས་ཀ་འཕར་ཡོད། དེའི་ནང་ལ་ཐོག་ཤང་འབྲི་གཡག་རྒྱགས་གསོའི་རྟེན་གཞིས“མཉམ་ལས་ཁང་དང་ཞིང་དུད་ཟུང་དུ་སྦྲེལ་སྟངས”ལ་བརྟེན་པར་ལོར་སྤུས་ལེགས་འབྲི་གཡག་བཤས་གཏོང་ཚད་མགོ་གྲངས་500ལྷག་ཙམ་ཟིན་པ་དང་ཆབས་ཅིག་ཅང་ནན་ཁུལ་གསར་ཀྲུང་ལང་བཟའ་བཅའ་ལས་སྣོན་ཚད་ཡོད་ཀུང་སིར་བརྟེན་ནས་ཚགས་ཤ་སྐམ་པོ་དང་རྒྱུ་མ་སོགས་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ཏེ“གཟི་བྱིན་ལྷ་མཚོའི”སྤུས་རྟགས་བཏོད་ཡོད། “གསོ་ཚགས་ཀྱི་འབྱུང་རྩ”ནས“ལས་སྣོན་གྱི་མཐའ་སྣེ”བར་དང“ཐོན་ཁུངས་འཁོར་རྒྱུག”ནས“སྤུས་རྟགས་བཏོད་པའི”བར་སྣང་རྫོང་གི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མགྱོགས་ལམ་ཐོག་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།