གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཉིང་རུ་སྨད་ཤང་གིས“བྱ་ཐབས་བཞི”ལ་བརྟེན་ནས་ཕྱུགས་ཕྲུག་སྐྱེ་གསོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།
མིག་སྔ་ནི་ཕྱུགས་ཕྲུག་སྐྱེ་གསོའི་འགག་རྩའི་དུས་ཚིགས་ཡིན་པས་ཕྱུགས་ཕྲུག་གསོན་ཚད་མཐོ་རུ་གཏོང་བ་དང་། འབྲོག་ལས་ཐོན་སྐྱེད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། ཞིང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཉིང་རུ་སྨད་ཤང་གིས་འབྲོག་ལས་ཐོན་སྐྱེད་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ཏེ། “བྱ་ཐབས་བཞིའི”སེམས་དྲོས་ཞབས་འདེགས་ཞུས་ཏེ། ཕྱུགས་ཕྲུག་སྐྱེ་གསོའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་གནད་སྨིན་འགན་ལེན་བྱས་ནས་ལོ་ཧྲིལ་པོའི་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
སེམས་དྲོས་འཚམས་འདྲི་བྱས་ནས་འབྲོག་ལས་ཐོན་སྐྱེད་ཀྱི་མཉམ་ཤུགས་ཆགས་པར་བྱས་ཤིང་། ཕྱུགས་ཕྲུག་སྐྱེ་གསོ་བྱེད་རིང་ཕྱུགས་རྫིའི་ལས་ཀ་མང་བ་དང་འཚོ་བའི་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ། ཉིང་རུ་སྨད་ཤང་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རུ་ཁག་གི་སྣེ་ཁྲིད་དེ་མཚེར་ས་ཁག་ཏུ་ཕྱིན་ནས་འཐབ་ས་དང་པོའི་ཕྱུགས་རྫི་དང་མཐའ་མཚམས་སྐོར་ཞིབ་མི་སྣར་འཚམས་འདྲི་བྱས་ནས་རིམ་རྩིས་བརྒྱབ་ན་གྲང་འགོག་གྱོན་ཆས་སོགས་རིན་ཐང་སྒོར་ཁྲི་1.1ལྷག་ཙམ་རི་བའི་འཚོ་བའི་དངོས་ཟོག་སྤྲད་ཡོད།
ཁྱིམ་གྱི་སྒོ་རྩར་བདེ་ཐང་ཞབས་འདེགས་ཞུས་ནས་མི་སྣའི་བདེ་འཇགས་ལ་འགན་ལེན་བྱས་ཤིང་། ཕྱུགས་རྫིའི་ལུས་ཁམས་བདེ་ཐང་འགན་ལེན་དང་ནད་གཞི་ཕོག་པའི་དབང་གིས་ཐོན་སྐྱེད་འགོར་འགྱངས་མི་ཡོང་བ་བྱ་ཆེད། ཉིང་རུ་སྨད་ཤང་ཏང་ཨུད་དང་སྲིད་གཞུང་གི་སྒྲིག་འཛུགས་འོག་ཉིང་རུ་སྨད་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་པས་མཚེར་སར་ཕྱིན་ནས“གཞི་རིམ་དུ་སྨན་བཅོས་ཞབས་འདེགས་ཞུ་བའི”བྱེད་སྒོ་སྤེལ་ཏེ། ཕྱུགས་རྫི་རྣམས་ལ་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད། ཁོང་ཚོར་རྒྱུན་མཐོང་ནད་ཀྱི་སྨན་དང་བདེ་ཐང་ཤེས་བྱའི་ལག་དེབ་ཀྱང་སྤྲད་པ་རེད།
སྒྲིག་བཀོད་ལ་འགན་ལེན་དང་རྨང་གཞི་བརྟན་དུ་བཏང་ནས་ཐོན་སྐྱེད་ཁོར་ཡུག་ལེགས་སུ་བཏང་ཞིང་། གནམ་གཤིས་ངན་པ་བསྟན་པ་ལས་ཕྱུགས་ཕྲུག་སྐྱེ་གསོར་ཐེབས་པའི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད། ཉིང་རུ་སྨད་ཤང་ཏང་ཨུད་དང་སྲིད་གཞུང་གིས་དྲོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་བྱེད་དགོས་རིགས་སྔ་སྣུར་ནས་གྲལ་བཤེར་བྱས་པ་མ་ཟད། དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ནས་བཙས་མ་ཐག་པའི་ལུ་གུའི་དྲོད་སྲུང་གྲང་འགོག་ལས་དོན་ནུས་ཤུགས་ཡོད་རྒྱུས་ཡག་པོ་བསྒྲུབས་ཡོད།
ཟླ་3པའི་ཟླ་མཇུག་བར་ཤང་ཡོངས་ཀྱི་ཕྱུགས་ཕྲུག་སྐྱེ་གསོའི་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། ཕྱུགས་ཕྲུག་5076སྐྱེས་པར་གསོན་ཚད་99%ཟིན་ཡོད་པ་རེད།