དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • བོད་ཀྱི“གྲགས་ཅན་ཁྱད་ལྡན་སྤུས་ལེགས”ཐོན་རྫས་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-27

    ཉེ་ཆར། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པ(གཤམ་དུ་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཞེས་བསྡུ་རྒྱུ)ཁྲེང་ཏུའུ་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་གྲོང་དུ་འགོ་ཚུགས་པ་རེད།

    སྐབས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱིས“1+3”གྱི་རྣམ་པ་གསར་གཏོད་བྱས་ཏེ“ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་གྲུབ་འབྲས་འགྲེམས་སྟོན”ཐེངས་1གཉེར་བ་དེ་ནུབ་རྒྱུད་སྒོ་དབྱེའི་མཉམ་ལས་དང་། ཐོན་ལས་ཀྱི་སྒུལ་ཤུགས་གསར་པ། མཛེས་སྡུག་ལྡན་པའི་འཚོ་བ་བཅས་འགྲེམས་ཁུལ་ཆེན་པོ་3ལ་དམིགས་ནས་བརྗོད་དོན་གཙོ་བོའི་འགྲེམས་ཁང་15བཙུགས་ཏེ་འགྲེམས་སྟོན་དང་འགྲེམ་འཚོང་བྱས་པ་རེད།

    བོད་ཀྱི་འགྲེམས་ཁང་གིས“བདེ་སྐྱིད་ལྡན་པའི་བོད་གསར་ལ་ཡུལ་སྐོར་བྱེད། ལག་གདང་སྦྲེལ་ནས་རྒྱང་ལམ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཁེ་ལས་35ཡི“གྲགས་ཅན་ཁྱད་ལྡན་སྤུས་ལེགས”ཐོན་རྫས་སྣ་ཁ་200ལྷག་ཙམ་ཁྱེར་ནས་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་ཞུགས་པ་རེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་དེར་བརྟེན་ནས་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་ཐོན་རྫས་ཀྱི་ཤུགས་རྐྱེན་དང་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་ཡག་པོ་བཅས་བྱས་ཏེ། བོད་ཀྱི་ཐོན་རྫས་དེ་བས་མང་བ་རྒྱལ་ཡོངས་དང་འཛམ་གླིང་གི་ཁྲོམ་རར་འདོན་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།