ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས།
ཐབས་མང་སྤྱད་ནས“གྲངས་འཛིན་གྲོང་གསེབ”འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
ཉེ་ཆར་གསར་འགོད་པར་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2024ལོ་ཚུན་དུ་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས“གྲངས་འཛིན་གྲོང་གསེབ”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་ནས་གྲོང་གསེབ་ཀྱི་ཁྲོམ་ར་རྒྱ་སྐྱེད་ནུས་ལྡན་བཏང་བ་རེད།
ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་བཅོས་སྐྱོང་ནུས་པ་ཆེ་རུ་ཧུར་ཐག་བཏང་བས། གྲངས་འཛིན་གྲོང་གསེབ་ཀྱི་དཔེ་སྟོན་གྲོང་ཚོའི་སྤྱོད་དུད་140དང་། AIའཕར་ཐང་སྤྱོད་དུད་ཁྲི་2.5 བདེ་འཇཌ་འགོག་སྲུང་དུད་ཚང་ཁྲི་5.9བཅས་འཕར་ནས་འཕར་ཚད་ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སིའི་དམིགས་ཚད་རིན་ཐང་གི་100%ཟིན་པ་དང་། གྲོང་ཚོ་2155ལ་ཁྱབ་ནས་ཁྱབ་ཚད་45.7%ཟིན་ཡོད། གཞིས་རྩེར་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་སྟོབས་ཤུགས་གཅིག་སྡུད་ཀྱིས་ཆུས་དང་རྫོང་སྒྲོལ་བའི་མཐུན་སྦྱོར་ཆེད་དོན་འགག་སྒྲོལ་ཚོགས་པ་བཙུགས་ཏེ། འོད་སྐུད་དང་། འོད་སྐུད་སྒམ། དེ་བཞིན་དྲ་རྒྱའི་སྒྲིག་ཆས་ཁག་300ལྷག་ཙམ་དབོར་ནས་ཉིན་ལྔའི་ནང་ས་ཚིགས་12ཀྱི་འོད་སྐུད་ཐོན་ཁུངས་འཛུགས་སྐྲུན་བྱས་ཡོད།
གཞན་ཡང་། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་ད་དུང་བརྙན་ཤེལ་ཆེན་པོའི་མཉམ་འདྲེས་སྒུལ་བདེའི་ལྟ་རོལ་TVཔར་གཞི་བཏོན་ནས། གྲོང་གསེབ་དར་རྒྱས་དང་། ཤེས་ལྡན་པ་དར་རྒྱས། ཐོན་ལས་དར་རྒྱས་སོགས་ཀྱི་ཆེད་སྒྲིག་བཏོན་པ་དང་། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་སྐྱོང་ན་གྲོང་ཚོར་བཅའ་སྡོད་བོད་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་ལས་དོན་རུ་ཁག་ལ་གཞོགས་འདེགས་བྱས་ནས་དིང་རི་རྫོང་གི“5Gགྲངས་འཛིན་གྲོང་གསེབ་གཅིག་གྱུར་ལས་སྟེགས”ཐོག་མ་དེ་བསྐྲུན་ཅིང་། མ་ལག་དེར་གློག་མིག་དང་། རིག་ནུས་ཏང་འཛུགས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། རིག་ནུས་ཉེར་སྤྱོད་སོགས་ཀྱི་ནུས་པ་མང་པོ་ཡོད་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་གྲངས་འཛིན་གྱི་ཕན་པ་ལོངས་སྤྱོད་གང་ལེགས་ཐུབ་ཡོད།