དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • འགག་རྩའི་གནད་དོན་ལེགས་པར་བསལ། ཐུན་མོང་ཕྱུག་འགྱུར་ལམ་དུ་བསྐྱོད།

    མཛོ་སྒང་རྫོང་གིས་ཕྱོགས་མང་པོ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-21

    འདི་ནི་མཛོ་སྒང་རྫོང་སྲིད་གཞུང་དང་ཞ་མོན་ཅན་ཧྥ་ཧེང་རུང་དབར་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་བཞིན་པ།

    འདི་ནི་མཛོ་སྒང་རྫོང་གིས་2024ལོའི་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་རོགས་སྐྱོར་གྱི་གཅིག་སྡུད་གྲལ་བཤེར་ལས་དོན་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་འཚོག་བཞིན་པ། (དཔྱད་གཞིའི་པར་རིས)

    འདི་ནི་ཏ་ཐང་བོད་ལྗོངས་ནུས་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིས་མ་དངུལ་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་ནས་མཛོ་སྒང་རྫོང་གི་སློབ་གསོ་དར་རྒྱས་ལ་རམ་འདེགས་བྱེད་པ།

    2024ལོར། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འགག་རྩའི་དུས་སྐབས་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། གྲོང་གསེབ་དར་རྒྱས་སྤྱིའི་དམིགས་ཚད་དུ་བརྩིས་པ་དང་། གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་གྱིས་ཐུན་མོང་འབྱོར་ཕྱུག་ལམ་བུར་གོམ་པ་བརྟན་པོ་སྤོས་ཡོད།

    “ཐུན་མོང་ཕྱུག་འགྱུར”ལ་དམིགས་ཏེ་དབུལ་ལོག་སྔོན་འགོག་གི“འགན་སྲུང་དྲ་བ”བརྟན་དུ་བཏང་བ།

    གནད་སྨིན་ལྟ་ཞིབ་ཚད་ལེན་དང་འགུལ་རྣམ་དོ་དམ་མངོན་འགྱུར་བྱ་ཆེད། མཛོ་སྒང་རྫོང་གིས་ཕྱོགས་ཡོངས་དང་རིམ་པ་མང་བའི་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ནས་དབུལ་སྒྲོལ་བརྟན་པོ་མེད་པའི་དུད་ཚང་དང་། མཐར་ལུས་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་། གློ་བུར་དུ་དཀའ་ངལ་ཚབས་ཆེན་འཕྲད་པའི་དུད་ཚང་བཅས་ལ་དམིགས་ནས་རྒྱུན་རྣམ་ཅན་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་པ་རེད། 2024ལོའི་ཟླ་6པར། གྲོང་གསེབ་ཀྱི་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་སོགས་གཞི་རིམ་གྱི་མི་སྣ་སྒྲིག་འཛུགས་བྱས་ཏེ། ཞིང་འབྲོག་ཁྱིམ་ཚང་ཚན་པར་བྱས་ནས་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)10ཡི་ཁྱིམ་ཚང་8954ཡི་གྲོང་གསེབ་ཀྱི་རྒྱུན་སྡོད་མི་འབོར་46658ལ་གཅིག་སྡུད་གྲལ་བཤེར་བྱས་པ་དང་། དབུལ་ཉེན་ཡོད་པའི་ལྟ་ཞིབ་ཚད་ལེན་དུད་ཚང་6དང་མི་43མིང་ཐོ་ནས་ཕྱིར་འཐེན་བྱས་ཡོད།

    མཛོ་སྒང་རྫོང་གིས་སྲིད་ཇུས་ཀྱི་ཐ་སྐྱོང་བྱ་ཐབས་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། དམངས་ཕན་སྲིད་ཇུས་ཁག་དུས་ཐོག་ཏུ་ཤང་དང་གྲོང་རྡལ་ཁག་ལ་བརྒྱུད་བསྒྲགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    2024ལོར། རྫོང་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དངུལ་སྒོར་ཁྲི་1631སྤྲད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཚོའི་གཞི་རྩའི་འཚོ་བར་འགན་སྲུང་བྱས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཁ་ཐོར་བསྙེན་བཀུར་གྱི་འཚོ་བའི་ཁ་གསབ་དངུལ་སྒོར་ཁྲི་85.9སྤྲད་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣས་སྤྱི་ཚོགས་ཀྱི་ཐུགས་ཁུར་ཚོར་བར་བྱས་ཡོད། དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་རིམ་རྩིས་བརྒྱབ་ན་དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”ཀྱི་དངུལ་ཁྱོན་སྒོར་ཁྲི་475དང་རོགས་སྐྱོབ་དངུལ་སྒོར་ཁྲི་238སྤྲད་པ་རེད།

    དེ་དང་ཆབས་ཅིག་ལས་ཞུགས་སྔོན་ལ་འཇོག་པའི་ཕྱོགས་སྟོན་དང་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཉེ་འགྲམ་དུ་ལས་ཞུགས་བྱེད་པར་སྐུལ་མ་བཏང་སྟེ་འབབ་འཕར་ཡོང་བར་བྱས་ཤིང་། 2024ལོར་མཛོ་སྒང་རྫོང་གི་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་11105ལས་ཞུགས་གཞན་སྒྱུར་ཐུབ་ནས་ལས་ཞུགས་གཞན་སྒྱུར་གྱི་འབབ་འཕར་སྒོར་དུང་ཕྱུར་2.90བཏོད་ཡོད། མིག་སྔའི་བར། མི་69ལ་ཞིང་འབྲོག་པ་ས་ཁོངས་བརྒལ་ནས་ལས་ཞུགས་གཞན་སྒྱུར་གྱི་ལམ་རིན་ཁ་གསབ་སྤྲད་པ་དང་འབྲེལ་ཡོད་མ་དངུལ་སྒོར་ཁྲི་6.9ཟིན་ནས། ཕྱིར་ལས་མིར་སྐྱོད་སྐབས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད།

    “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ལ་དམ་པོར་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ།

    རྒྱང་ལམ་གསར་པར་གྲོང་གསེབ་ཕྱོཌ་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་སྐབས། མཛོ་སྒང་རྫོང་གིས་ཐོག་མཐའ་བར་གསུམ་དུ“འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞིའི་ལས་གྲྭར་བརྩིས་ནས་དམ་འཛིན་ཏན་ཏིག་བྱས་ཏེ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུའི་བདེ་འཇཌ་བཅས་ཀྱི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་། མཛོ་སྒང་རྫོང་གིས་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཕུལ་བྱུང་གི་དགེ་རྒན་དཔུང་ཁག་ནང་འདྲེན་བྱེད་པ། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་ནུས་ཤུགས་གང་ཡོད་བཏོན་ཞིང་། མིག་སྔར། རྫོང་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་63དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་8588 ལས་ཐོག་དགེ་རྒན་662བཅས་ཡོད་པ་རེད། 2024ལོར་ཀྲུང་དབྱང་གིས་སྔོན་རྩིས་ཁྲོད་ཀྱི“འགན་ལེན་གསུམ”གྱི་གྲོན་དངུལ་དང་འཚོ་བཅུད་ལེགས་གཏོང་འཆར་གཞིའི་གྲོན་དངུལ་ཁྱོན་སྒོར་ཁྲི་4149.15སྤྲད་པའི་ནང་། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་སྒོར་ཁྲི་3526.75དང་། འཚོ་བཅུད་ལེགས་གཏོང་འཆར་གཞིའི་གྲོན་དངུལ་སྒོར་ཁྲི་622.40ཡོད་པ་དང་། མཛོ་སྒང་རྫོང་སློབ་ཆུང་གསུམ་པ་གསར་དུ་སྤྱོད་འགོ་ཚུགས་ནས་ཕྲུ་གུ་573གྱིས“ཁྱིམ་གྱི་སྒོ་འགྲམ”དུ་སྤུས་ལེགས་སློབ་གསོ་ལོངས་སུ་སྤྱོད་ཐུབ་ཡོད།

    སྨན་བཅོས་འགན་སྲུང་ནི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་རྒྱབ་རྟེན་བརྟན་པོ་ཞིག་ཡིན་ཞིང་། ནད་ཀྱིས་རྐྱེན་པས་དབུལ་ལོག་དང་དབུལ་པོར་མི་འགྱུར་སྔོན་འགོག་བྱ་ཆེད། མཛོ་སྒང་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། 2024ལོར་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་ཚད་98.77%ཟིན་ཡོད། དེ་དང་ཆབས་ཅིག“སྨན་བཅོས་འགན་བཅོལ་རིགས་གསུམ”གྱི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། གཞི་རྩའི་སྨན་བཅོས་འགན་བཅོལ་ནས་མི་ཐེངས་7059ལ་སྒོར་ཁྲི་2055.7སྤྲད་པ་དང་། ནད་གཞི་ཚབས་ཆེན་འགན་བཅོལ་གྱིས་མི་ཐེངས་201ལ་སྒོར་ཁྲི་200.6ཡི་གུན་གསབ་འཇལ་ཡོད། མི་ཐེངས་2273ལ་སྒོར་ཁྲི་149.3ཡི་སྨན་བཅོས་རོགས་སྐྱོབ་བྱས་ཏེ་མང་ཚོགས་ཚོས་སེམས་ཁྲལ་མེད་པར་སྨན་པ་བསྟེན་ཐུབ་ནས་གྲོང་གསེབ་དར་རྒྱས་ཆེད་བདེ་ཐང་གི་གསོན་ཤུགས་བསྣན་ཡོད།

    གཞན་ཡང་མཛོ་སྒང་རྫོང་གིས་ད་དུང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་་། 2024ལོར་གྲོང་གསེབ་ཀྱི་འཐུང་ཆུའི་ས་ཚིགས་308ལ་ཆུ་སྤུས་འཐེན་བཤེར་བྱས་པར་འཐེན་བཤེར་བྱས་འབྲས་ཚང་མ་ཚད་ལོན་ཡོད་པ་རེད།

    ཐོན་ལས་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྡུད་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི“སྒུལ་ཤུགས”འཕེལ་བར་བྱས་པ།

    ས་གནས་རང་གི་ཐོན་ཁུངས་ཀྱི་ལེགས་ཆར་གཞིས་བཙུགས་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་ཤིང་། བོད་ལྗོངས་ཁྲེང་ཀུང་ཧུང་ཐེན་ལུའུ་ཨ་རག་བཟོ་གྲྭ་ལྟེ་བར་བྱས་ཏེ་འདེབས་འཛུགས་དང་། སྙོལ་བཟོ། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་རྒུན་འབྲུམ་ཐོན་ལས་འཁོར་འབྲེལ་རིམ་བཞིན་ཆགས་ཡོད། 2024ལོར་བོད་ལྗོངས་ཤིས་ཀེ་རྒུན་འབྲུམ་འདེབས་འཛུགས་ཚད་ཡོད་ཀུང་སིས་མཛོ་སྒང་རྫོང་ཀྲུང་གླིང་རྒུན་འབྲུམ་རྟེན་གཞིའི་དོ་དམ་གྱི་འགན་བླངས་ནས་ས་གནས་དེ་གའི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། 2024ལོའི་ཟླ་3པ་ནས་8པའི་བར་ཀུང་སི་དེས་ས་གནས་དེ་གར་ལས་ཀ་བྱེད་མཁན་མང་ཚོགས་ལ་གླ་ཆ་སྒོར་ཁྲི་300ལྷག་ཙམ་སྤྲད་པ་དང་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1.8ལྷག་ཙམ་སྤྱད་ཡོད་པ་རེད། གཞན་ཡང་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་དབྲ་པ་གྲོང་ཚོའི་རྒུན་འབྲུམ་འདེབས་འཛུགས་གཞི་ཁྱོན་མུའུ་680ཟིན་པ་དང་། 2024ལོར་རྒུན་འབྲུམ་རྒྱ་མ་ཁྲི་16ཐོན་པ་དེ་2023ལོ་ལས་རྒྱ་མ་ཁྲི་7.2འཕར་བ་དང་། འདེབས་འཛུགས་དུད་ཚང་གི་ཁེ་སྤོགས་2023ལོའི་དུད་ཚང་རེའི་ཆ་སྙོམས་ལས་སྒོར་4000འཕར་ཡོད།

    ཉེ་བའི་ལོ་ཤས་རིང་མཛོ་སྒང་རྫོང་གིས་ཞ་མོན་བོད་སྐྱོར་ལས་དོན་རུ་ཁག་གི་མཐུན་སྦྱོར་ཧུར་ཐག་འོག བོད་སྐྱོར་མ་དངུལ་སྤྱད་དེ་མཛོ་སྒང་རྫོང་ཝ་མདའ་བཟའ་བཅའ་ཚད་ཡོད་ཀུང་སིའི་བཟོ་གྲྭ་དང་བཟོ་འཁོར་བསྐྲུན་པའི་རྨང་གཞིའི་ཐོག ཁྲོམ་རར་བརྟེན་ནས་ཐོན་སྐྱེད་ལ་སྐུལ་ཁྲིད་བྱེད་པའི་རོགས་སྐྱོར་བྱེད་སྟངས་གསར་དུ་བཏོན་ཡོད། ཞ་མོན་བཟོ་ཚོགས་ཀྱི་འཛད་སྤྱོད་རོགས་སྐྱོར་བརྩོན་ལེན་བྱས་པ་བརྒྱུད། མཛོ་སྒང་སྟར་སྣུམ་དང་རྒུན་ཆང་སོགས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཞན་པ་དང་ཁྲོམ་རའི་གཞི་ཁྱོན་ཆུང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། སྔ་རྗེས་སུ་ས་གནས་དེ་གའི་མང་ཚོགས་145ཐག་ཉེ་སར་ལས་ཞུགས་བྱེད་རོགས་བྱས་པ་དང་། སྟར་ཁ་འཐུ་བ་དང་ཉོ་སྒྲུབ་སོགས་ལས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་200ལྷག་ཙམ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།