མི་དམངས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི“རེ་བའི་ཞིང་ས”བརླན་པ།
འདི་ལོ་ཚུན་དུ་མི་དམངས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་འདེགས་གནད་སྨིན་དང་། ཐོན་ལས་ཀྱི་སྒུལ་ནུས་འཕེལ་བ། དམངས་འཚོའི་མཐའ་ཚད་སྲུང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས། དངུལ་རྩས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་རྒྱུགས་ལན་ཡག་པོ་ཞིག་གང་ཐུབ་ཀྱིས་ཕུལ་ཡོད།
ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས《ནག་ཆུ་གྲོང་ཁྱེར་གྱི་དངུལ་རྩས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཇུས་གཞི》བཟོས་ནས་བཀྲམ་པ་དང་། དུས་ཚིགས་བཞིན་དངུལ་རྩས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ། བྱེད་པོའི་འགན་འཁྲི་སྣ་ཚོགས་ནན་དུ་བཏང་བ། དངུལ་རྩའི་མཁོ་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་བཅས་བྱས་ཡོད། ཟླ་གཉིས་པའི་ཟླ་མཇུག་བར། ནག་ཆུ་གྲོང་ཁྱེར་གྱི་ཞིང་ལས་དང་འབྲེལ་བའི་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་87.33ཟིན་པ་དེ་དུས་མཚུངས་ལས་0.79%འཕར་བ་དང་། ཞིང་ནགས་འབྲོག་དང་ཉ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་68.99ཟིན་པ་དུས་མཚུངས་ལས་14.86%འཕར་བ། ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་57.14ཟིན་པ་དུས་མཚུངས་ལས་13.59%འཕར་བ་བཅས་རེད།
འདི་ལོ་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱི“གྲོང་གསེབ་ཡུལ་སྐོར་གྱི་དངུལ་བུན”དང“འབྲུ་འདེབས་ཞིང་པའི་དངུལ་བུན”ཐོག་མ་བདེ་བླག་ངང་གཏོང་ཐུབ་པ་དང་། “རིག་ལྡན་འབྲོག་ལས་ཀྱི་དངུལ་བུན”གསར་དུ་བཏོན་ཏེ་ཟོག་འབྲེལ་དྲ་རྒྱའི་རྣ་རྟགས་དང་སྲུང་སྐར་རྒྱང་ཚོར་སོགས་ཀྱི་ལག་རྩལ་བརྒྱུད། གསོན་ཕྱུགས་ཀྱི་གོང་ཚད་སྒུལ་རྣམ་ཚོད་དཔག་བྱེད་པ་དང་ཉེན་ཁ་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱས་ཡོད། ཟླ་གཉིས་པའི་ཟླ་མཇུག་བར། ནག་ཆུ་གྲོང་ཁྱེར་གྱི་འབྲི་གཡག་གསོན་པོ་གཏའ་མར་བཞག་ནས་དངུལ་བུན་གཡར་བ་དང་། འབྲི་གཡག་གི་དངུལ་བུན། དབྱར་རྩྭ་དགུན་འབུའི་དངུལ་བུན། གྲོང་གསེབ་ཡུལ་སྐོར་གྱི་དངུལ་བུན། འབྲུ་འདེབས་ཞིང་པའི་དངུལ་བུན་སོགས་ཀྱི་ལྷག་གྲངས་ཁྲི་4015དང་། ཁྲི་92 ཁྲི་2686 ཁྲི་100 ཁྲི་20བཅས་སོ་སོར་ཟིན་པ་དང་། དེས་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་རྒྱབ་སྐྱོར་གནད་སྨིན་བྱས་ཡོད།
དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་ཉེན་ཁའི་ཁ་གསབ་ཐེབས་རྩ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11ལ་ཕྱོགས་ཡོངས་ནས་ཁྱབ་པར་སྐུལ་འདེད་བཏང་བས། དངུལ་རྩའི་དངུལ་འབོར་སྒོར་ཁྲི་4393ཟིན་གྱི་ཡོད། རིམ་རྩིས་བརྒྱབ་ན། འདི་ལོའི་ཚུན་དུ་དབུལ་སྒྲོལ་མི་འབོར་ལ་གྲངས་ཉུང་དངུལ་བུན་སྒོར་དུང་ཕྱུར་1.69བཏང་ཡོད། ཟླ་གཉིས་པའི་ཟླ་མཇུག་བར་ནག་ཆུ་གྲོང་ཁྱེར་གྱི་དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་9.08ཟིན་པ་དུས་མཚུངས་ལས་1.5%འཕར་བ་དང་། རིམ་རྩིས་བརྒྱབ་ན། དབུལ་སྒྲོལ་དུད་ཚང་ཁྲི་1.97གྱི་མི་ཁྲི་7.89ལ་སྐུལ་ཁྲིད་དང་རོཌ་སྐྱོར་བྱས་པ་རེད།