དབུ་ཤོག>ཞིང་འབྲོག་གསར་པ།
  • ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང“སྐར་གསོག་སྒོ་རྩིས་ཚོང་ཁང”གིས་གྲོང་གསེབ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-04

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་བསགས་སྐར་བརྗེ་སྒྱུར་ལས་དོན་དེ་གྲོང་གསེབ་བཅོས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། ཤེས་དཔལ་སྲོལ་གཏོད། དང་བླངས་ཞབས་ཞུ། ཡུལ་སྲོལ་ལེགས་སུ་གཏོང་བར་སོགས་དང་ཟུང་འབྲེལ་བྱས་པའི་ཁར། ཐབས་མང་མཉམ་སྤྱོད་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི“སྐར་གསོག་སྒོ་རྩིས་ཚོང་ཁང”འཛུགས་པ་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་མ་ཟད། “སྐར་གསོག་ཆུང་ཆུང”ལ་བརྟེན་ནས་མང་ཚོགས་ཞུགས་པའི“སྒུལ་ཤུགས་ཆེན་པོ”འཕེལ་བར་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་དྲང་ནུས་གཅིག་སྡུད་བྱས་ཡོད། 2024ལོར། རྫོང་ཡོངས་སུ་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་6.1ལྷག་ཙམ་སྐར་གསོག་བྱེད་སྒོར་ཞུགས་པ་དང་། བརྗེ་སྒྱུར་བྱེད་སྒོ་ཐེངས་2200ལྷག་ཙམ་སྤེལ་བ། སྒོར་ཁྲི་92.5རི་བའི་དངོས་རྫས་བརྗེས་ནས་སྤྲད་ཡོད།

    བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས“སྐར་གསོག་སྒོ་རྩིས་ཚོང་ཁང”འཛུགས་སྐྲུན་གྱི་རྣམ་པ་གསར་པར་སྐུལ་འདེད་བཏང་ཞིང་། གྲོང་གསེབ་དར་རྒྱས་ཀྱི་ཞིང་འབྲོག་པའི་རྣམ་པ་གསར་པ་གསར་གཏོད་དང་། རྨང་བརྟན་དམངས་ཕན། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་སོགས་ཀྱི་གྲོན་དངུལ་ཁྲོད་ནས་སྒོར་ཁྲི་706.5བཀོད་སྒྲིག་བྱས་ཏེ། ཤང་དང་གྲོང་རྡལ་རིམ་པ་10དང་གྲོང་ཚོ་རིམ་པ་175ཡི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི“སྐར་གསོག་སྒོ་རྩིས་ཚོང་ཁང”ཡོངས་ཁྱབ་བཙུགས་ནས་རྫོང་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི“སྐར་གསོག་སྒོ་རྩིས་ཚོང་ཁང”189ལ་རིག་ནུས་སྤེལ་རེས་མཐའ་སྣེ་སྒྲིག་སྦྱོར་བྱས་ཏེ“སྐར་གསོག་སྒོ་རྩིས་ཚོང་ཁང”གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    རྣམ་པ་གསར་གཏོད་བྱས་ཏེ“སྐར་གསོག་སྒོ་རྩིས་ཚོང་ཁང”གི་ལས་ཀའི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་ཤིང་། “ཤེས་དཔལ་གྱི་སྐར་མ”དང་། “འབད་འབུངས་ཀྱི་སྐར་མ”“བུད་མེད་ཀྱི་སྐར་མ”བཅས་ཤེས་དཔལ་ལག་ལེན་གྱི“སྐར་གསོག་སྒོ་རྩིས་ཚོང་ཁང”གི་སྐར་མ་སྣོན་འཕྲིའི་ཐོག་གཅིག་སྡུད་བྱས་ཏེ། “དང་བླངས་བྱེད་སྒོ་དང་། ཀུན་སྤྱོད་སྐར་མ། བསགས་སྐར་བརྗེ་སྒྱུར་བཅས་ཟུང་དུ་འབྲེལ་བའི”འཁོར་སྐྱོད་བྱེད་སྟངས་ཁྱབ་སྤེལ་བཏང་ནས་སྐར་གསོག་ནང་དོན་དང་བླངས་ཞབས་ཞུའི་བྱེད་སྒོ་དང་ཁྱིམ་ཚང་ཤེས་དཔལ་སྲོལ་གཏོད་བྱེད་པ་ནས་ཐོན་ལས་འཕེལ་རྒྱས་དང་། སྤྱི་ཕན་བྱེད་སྒོ གྲོང་གསེབ་བཅོས་སྐྱོང་སོགས་ཁྱབ་ཁོངས་བར་རྒྱ་སྐྱེད་བཏང་བས། སྐར་གསོག་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་ཡོད།

    གོམ་སྟབས་རྗེས་མར། འབྲི་རུ་རྫོང་གིས་གྲོང་གསེབ་ཀྱི“སྐར་གསོག་སྒོ་རྩིས་ཚོང་ཁང”འཛུགས་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཞབས་ཞུའི་བསགས་སྐར“ཁེ་སྤོགས་ཆུང་ངུར”བརྗེས་ཐོག གྲོང་སྲོལ་དང་དམངས་སྲོལ་ལ་འགྱུར་ལྡོག་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་ལ་རམ་འདེགས་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཁྲོད“སྐར་གསོག་སྒོ་རྩིས་ཚོང་ཁང”གིས་ནུས་པ་གང་ལེགས་བཏོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།