ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གིས་ནས་ཀྱི་སོན་བཟང་རྒྱ་མ་ཁྲི་9.6བཙོངས་པ།
དཔྱིད་རྨོད་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གིས“བོད་ནས་ཨང་3000”སོན་བཟང་རྒྱ་མ་ཁྲི་9.6བཙོངས་ནས་ཞིང་འབྲོག་མང་ཚོགས་ཚོའི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ལ་རམ་འདེགས་བྱས་ཡོད་པ་རེད།
ལོ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་བདེ་བླག་ངང་འགོ་བཙུགས་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་ཆེད། དཔྱིད་རྨོད་དཔྱིད་གྲབས་བྱེད་རིང་། གོང་དཀར་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་རྫོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དང་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ལག་རྩལ་པ་སོགས་སྒྲིག་འཛུགས་བྱས་ནས་དཔྱིད་འདེབས་ཀྱི་སོན་འཚོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཉིན་ཤས་བསྟུད་མར་ཞིང་ལས་ལག་རྩལ་པས་ཞིང་འབྲོག་མང་ཚོགས་ལ་ཁམས་གཙང་ལ་སྤུས་ཀ་དག་པའི་སོན་བཟང་ཁག་གཅིག་བདམས་པ་མ་ཟད། སོན་བཟང་ལ་སྨན་རྒྱག་པའི་ལག་རྩལ་མཛུབ་ཁྲིད་ཀྱང་བྱས་ཏེ་ནས་ཀྱི་སོན་བཟང་གི་འགག་སྒོ་ཡག་པོ་བསྲུངས་ཡོད་པ་རེད།