དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲོང་གསེབ་དར་རྒྱས་འབྲས་བུ་གཡུར་དུ་ཟ། གྲོང་མིའི་ཕྱུག་འགྱུར་ལམ་བུར་ངར་ཤུགས་ཁེངས།

    ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་800ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    ཉེ་དུས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་2024ལོའི་ལོ་འཁོར་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ལོ་འཁོར་གྱི་ཕྱོགས་སྡོམ་དང་བགོ་འགྲེམས་ཚོགས་ཆེན་འཚོགས་པས་གྲོང་ཚོའི་མི་རྣམས་ཀྱི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

    ད་ཕན་ལོ་ཤས་རིང་། “ལྗོངས་ཡོངས་ཀྱི་ཞིང་འབྲོག་ཟུང་འབྲེལ་དཔེ་སྟོན་རྫོང”དང“ལྷ་སའི་འབྲུ་མཛོད”ཡིན་པའི་ལྷུན་གྲུབ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཨང་དང་པོར་བཞག་ནས། སྲིད་ཇུས་ཀྱི་རོགས་སྐྱོར་དང་རང་གིས་རང་འཕེལ་རྒྱས་བཏང་བར་བརྟེན། “ཞིང་ལས”ལ་བརྟེན་ནས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པའི་སྲིད་འཛིན་གྲོང་ཚོ་ཁག་གཅིག་ཐོན་པ་དང་མཚོ་སྟོད་ཤང་དང་མཚོ་སྟོད་གྲོང་ཚོ་དེའི་ཁྲོད་ཀྱི་གྲས་ཤིག་རེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པ་དང་ཡོད་པ་ནས་སྟོབས་ཆེར་སོང་བའི་བར་ད་ཆ་ཁྱོན་ཡོང་འབབ་སྒོར་ཁྲི་800ལྷག་ཙམ་ཟིན་པས་འཕོ་འགྱུར་ཆེན་པོ་བྱུང་བ་མ་ཟད། མང་ཚོགས་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད།

    བགོ་འགྲེམས་ཚོགས་ཆེན་ཐོག མཚོ་སྟོད་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དགེ་ལེགས་ཆོས་འཕེལ་གྱིས་2024ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་ཕྱོགས་སྡོམ་བྱས་པ་མ་ཟད། 2024ལོའི་མཉམ་སྡེབ་དཔལ་འབྱོར་ལ་སྒོར་ཁྲི་833བྱུང་བའི་དགའ་འོས་པའི་གྲུབ་འབྲས་བརྡ་ཁྱབ་བཏང་ནས་གྲོང་མིར་2025ལོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་འཆར་འགོད་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཚོགས་ཆེན་ཐོག་བགོ་འགྲེམས་ཀྱི་གྲོས་ཆོད་སྒྲོག་སྦྱངས་བྱས་རྗེས་འབྲེལ་ཡོད་ལས་དོན་པས་གྲོང་མིར་གྲངས་ཚང་ངང་བགོ་འགྲེམས་དངུལ་སྤྲད་པ་རེད།

    ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོའི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་བགོ་འགྲེམས་བརྒྱབ་པར་བརྟེན། གྲོང་ཚོའི་མཉམ་སྡེབ་ཐད་ཀྱི་མང་ཚོགས་ཀྱི་གཏོགས་སེམས་དང་མོས་སེམས་སྔར་བས་ཆེ་རུ་ཕྱིན་པ་དང་། གྲོང་ཚོ་རིམ་པའི་འཛུགས་སྐྲུན་དང་དེ་བཞིན་ལས་དོན་དོ་དམ་ནང་ཞུགས་པའི་མང་ཚོགས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན་སྔར་བས་འཕེལ་ཏེ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་འོག མཚོ་སྟོད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་ཕྱིན་ནས་གྲོང་མིའི་འཚོ་བ་སྔར་བས་སྐྱིད་དུ་འགྲོ་བའི་ཡིད་ཆེས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།