ངལ་རྩོལ་གླ་ཆ་བླངས། འཛུམ་མདངས་ཞལ་ནས་འཕྱུར།
འདི་ནི་ངལ་རྩོལ་གླ་ཆ་སྤྲོད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
འདི་ནི་གླ་པ་རྒྱུག་མཁན་ཡུལ་མིས་དགའ་སྤྲོའི་ངང་ངལ་རྩོལ་གླ་ཆ་ལེན་བཞིན་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ས་གཙང་ཀུང་སིས་རྫོང་ཞིང་ལས་དཔེ་སྟོན་གླིང་དུ་2024ལོ་འཁོར་གྱི་ངལ་རྩོལ་གླ་ཆ་སྤྲོད་པའི་མཛད་སྒོ་འཚོགས་ནས་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་ཚོགས་ཆུང་དང་པོ་དང་གཉིས་པའི་དུད་ཚང་59ཡི་ཡུལ་མིར་ངལ་རྩོལ་གླ་ཆ་སྒོར་ཁྲི་61.34སྤྲད་པ་རེད། ས་གནས་ས་ཐོག་ཏུ་མི་མང་བ་དང་འཁྲུག་ཆ་དོད་ཅིང་། གླ་པ་རྒྱུག་མཁན་ཡུལ་མིར་དུས་ཐོག་ཏུ་གྲངས་ཚང་ངང་ངལ་རྩོལ་གླ་ཆ་རག་པས་དགའ་བ་དཔག་མེད་སྐྱེས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་ས་གཙང་ཀུང་སིས་གཞུང་ཁོངས་ཁེ་ལས་དང་ཁྲོམ་རའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་ཁེ་ལས་ཀྱི་ཡོང་སྒོ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། མིག་སྔའི་བར་ས་གནས་དེ་གའི་ཞིང་འབྲོག་པ་106ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པར་འབབ་འཕར་སྒོར་ཁྲི་310བྱུང་ཡོད།