གྲོང་གསེབ་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་མཚོན་གསོན་པོ།
“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་སྐོར་བཀོད་པ། (སྟོད་ཆ)
འདི་ནི་འབྲི་རུ་རྫོང་གི“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོར་རྩམ་པ་འཐག་རྩལ་འགྲན་བསྡུར་བྱེད་བཞིན་པ།
ས་མཐོར་མེ་འཁོར་འབྲི་ཆུ་བརྒྱུད་གདང་ལ་བརྒྱབ་ནས་བོད་བྱང་ཐང་དུ་འུར་སྒྲ་གྲགས་ནས་རྒྱུག་འོང་། བསམ་གཏན་གངས་བཟང་གངས་རིའི་འདབས་ཀྱི་ཀོ་ལུག་གྲོང་རྡལ་མོ་མཐོ་གྲོང་ཚོར་སྐྱེས་པ་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་རྟ་གཡུང་བ་དང་། བུད་མེད་ཚོས་མཉེན་ཆ་དོད་པའི་ལག་གཉིས་ལ་བརྟེན་ནས་སྒྱུ་རྩལ་ཐོན་རྫས་འཐག་པ། མི་རྣམས་ཀྱིས་སྐབས་གསར་པའི“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད། དུས་འདིར་རྩྭ་ཐང་ཐོག་གཅིག་རྒྱུན་གཅིག་འཛིན་གྱིས་དར་རྒྱས་གོང་འཕེལ་གཏོང་བའི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན།
འདི་ནི་བྱེད་སྒོ་གང་འདྲ་ཞིག་རེད་དམ། མི་རྣམས་ཀྱིས་རེ་སྒུག་དེ་ལྟར་བྱེད་དོན་གང་ཡིན་ནམ།
རིག་རྩལ་རིག་གནས་དང་། སྐད་ཡིག རྒན་དཔེ་གཞོན་ཁྲིད། ཐོན་སྐྱེད་རྩལ་ནུས། རྟ་རྒྱུག་འགྲན་བསྡུར་བཅས་ཁག་ཆེན་པོ་5དང་། རིགས་12 ཞིབ་ཕྲའི་འགྲན་བསྡུར་ནང་དོན་29བཅས་ལ་ཕྱེ་ཡོད། ནག་ཆུ་བ་ཞིག་ལ་ཆ་མཚོན་ན། འབད་འབུངས་ཡར་བརྩོན་གྱི་སེམས་ཤུགས་དང་ལས་ལ་བརྩོན་པའི་ལག་གཉིས་ཡོད་ཚེ། སྒོ་འགྲམ་གྱི་འགྲན་བསྡུར་ནང་ཞུགས་ནས་རང་ཉིད་ཀྱི་ཁྱད་ཡོན་ངོམ་རྒྱུ་ཡོད།
ལོ་གསུམ་རིང་། འགྲན་བསྡུར་སྣ་ཚོགས་ཐེངས་ཁྲི་6ལྷག་ཙམ་སྤེལ་བ་དང་། འགྲན་བསྡུར་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་89ལྷག་ཙམ་ཟིན་པ། ཐེ་ཞུགས་བྱེད་མཁན་མང་ཚོགས་མི་ཐེངས་ཁྲི་912ལྷག་ཙམ་ཟིན་ཡོད། འགྲན་བསྡུར་ནང་ཞུགས་མཁན་དང་ཐེ་ཞུགས་བྱེད་མཁན་མང་ཚོགས་ནི་རྒྱུན་སྡོད་མི་འབོར་གྱི་ལྡབ་1.8དང་ལྡབ་18རེད། སྒོ་འགྲམ་གྱི་ཞིང་ཁ་དང་འབྲོག་ར་ནས་ཤང་དང་། རྫོང་། གྲོང་ཁྱེར་བཅས་ཀྱི་གར་སྟེགས་བར་དང་སྲོལ་རྒྱུན་གྱི་ལག་རྩལ་ནས་དེང་རབས་ཀྱི་ལས་རིགས་རྩལ་ནུས་བར་དུ། ཞིང་འབྲོག་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རང་གི་འཇོན་ཐང་ཡོད་དོ་ཅོག་བཏོན་ཞིང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེ་ཉིད་རང་ཉིད་ཀྱི་འཇོན་ཐང་ངོམ་སའི་གར་སྟེགས་ལྟ་བུར་གྱུར་ཡོད།
སྔོན་ཐོན་དཔེ་མཚོན་མི་ཐེངས་ཁྲི་37ལྷག་ཙམ་ལ་གཟེངས་བསྟོད་བྱས་པ་དང་། བྱ་དགའ་ཐོབ་པའི་མང་ཚོགས་ལ་དམངས་ཕན་སྲིད་ཇུས་82བཏོན་པ། རིམ་རྩིས་བརྒྱབ་ན་རྩལ་ནུས་ཤེས་ལྡན་པ་ཁྲི་6.4སྔོག་འདོན་བྱས་པ། བྱ་དགའ་ཐོབ་པའི་ཕུལ་བྱུང་བརྩམས་ཆོས་ཁྱད་ལྡན་ཐོན་ལས་93ལ་བསྒྱུར་བ་སོགས། བྱ་དགའ་དེ་བས་གྱ་ནོམ་པ་དང་། གཟེངས་བསྟོད་དེ་བས་ལྗིད་ཏིག་ཏིག མང་ཚོགས་དེ་བས་འབད་འབུངས་མདུན་སྐྱོད། ལས་བྱེད་པ་དེ་བས་སེམས་ཤུགས་འཕེལ་བ་བཅས་བྱས་པ་ལས། ངལ་རྩོལ་མི་དམངས་ཁྲི་སྟོང་མང་པོས་རང་རང་སོ་སོའི་ཁྱབ་ཁོངས་སུ་བསྡུར་སློབ་སྙེག་བརྒལ་དང་འབད་འབུངས་ཡར་བརྩོན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད།
གྲོང་གསེབ་དར་རྒྱས་གཏོང་བའི་དུས་རབས་ཀྱི་དྲི་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བཏོན་གནང་ཡོད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་དུ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ཡི་འཐབ་ཇུས་དམིགས་ཚད་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་པ་དང་འབྲེལ་གཏན་འཁེལ་ཡང་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་དང་ཐབས་ལམ་གཏན་འཁེལ་བྱས་པས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་དེ་བས་འཕེལ་ཡོད།
གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་དང་འབོད་སྒྲ་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་རྗེས་གྲོང་གསེབ་བཅོས་སྐྱོང་གི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འགྲན་སློང་གསར་པ་བཅས་ཀྱི་མདུན་དུ་ནག་ཆུས། ས་བབ་མཐོ་ཤོས་དང་། ས་རྒྱ་ཆེ་ཤོས། དཀའ་སྡུག་ཆེ་ཤོས་བཅས་ཀྱི་ཁྲོད་དུ་རང་ངོམས་རང་རློམ་མམ་རང་གནོང་རང་འགྱོད་བྱས་ནས་བསྡད་པ་ཡིན་ནམ། ཡང་ན་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ། འགན་འཁྲི་ལྕི་ཤོས་ཁུར་བ་དང་། ལེགས་སྐྱེས་ཆེ་ཤོས་འབུལ་བ། ལ་རྒྱ་བརྟན་པོ་འཛིན་པ་བཅས་བྱས་པ་ཡིན་ནམ།
“ལས་ཀ་མཇུག་ཤོས་ནི་རྒྱུན་རྣམ་ཡིན་པ་དང་ཉལ་ནས་བསྡད་ནའང་བྱས་རྗེས་ཡིན་པའི”གོམས་སྟོབས་བསམ་གཞིག་ཁོ་ན་བྱས་ནས་བསྡད་པ་ཡིན་ནམ། ཡང་ན་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་འབད་འབུངས་ཀྱིས་གྲུབ་འབྲས་ཐོབ་པ་དང་འབད་འཐབ་ཀྱིས་གཟི་བརྗིད་བརྩོན་ལེན་བྱས་པ་ཡིན་ནམ།
“རང་ལམ་རང་བཀག་དང་གཞན་རྗེས་རང་སྐྱོད”ཀྱི་ཐབས་ལམ་ཁོ་ནར་བརྟེན་ནས་བསྡད་པ་ཡིན་ནམ། ཡང་ན་ཏན་ཏན་ཏིག་ཏིག་དང་འབད་འབུངས་ཡར་བརྩོན་གྱིས་ཏང་ཡོངས་དང་། རྒྱལ་ཡོངས། ལྗོངས་ཡོངས་བཅས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་དུ་རང་འགུལ་ངང་མཉམ་འདྲེས་བྱས་ནས་གཞན་དབང་གི་སྡུག་རུས་བཟོད་བསྲན་གྱི་རྣམ་པ་རང་འགུལ་གསར་གཏོད་དུ་བསྒྱུར་ཏེ། དཀའ་ངལ་ཆེ་བའི་ཁོར་ཡུག་ཁྲོད་ཉལ་སྡོད་པ་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་པ་ཡིན་ནམ།
ལན་ཧ་ཅང་གསལ་པོ་ཡིན་ཏེ། ལས་དོན་བསྒྲུབ་རྒྱུ་ཨང་དང་པོར་བཞག་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་དུས་རབས་ཀྱི་དྲི་བར་གདོང་གཏུག་ཕོད་པར་བྱས་ཏེ་བློ་སྟོབས་དེ་བས་ཆེ་བ་དང་། འགན་འཁྲི་འཁུར་སེམས་དེ་བས་ཆེ་བ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ལན་འདེབས་དགོས་ཀྱི་ཡོད།
ཤེས་དཔལ་ལག་ལེན་གྱི་ཐབས་ལམ་གྱིས་ཁྲིད་སྟོན་བྱས་པ།
ཤན་རྩ་རྫོང་སྨད་པ་ཤང་དོམ་རྭ་གྲོང་ཚོར་སྐྱོད་སྐབས། འགྲོ་ལམ་ཡངས་ཤིང་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་འབྲོག་ཁྱིམ་གྱི་སྡོད་ཁང་དག་བཀོད་པ་གཙང་ཞིང་གུ་ཡངས་པོ་འདུག ཡུལ་མི་བཀྲ་ཤིས་གཡང་མཚོ་ནི་ནང་ལས་དང་འབྲོག་ལས་གང་ཡིན་རུང་ཧ་ཅང་འཇོན་པའི་བུད་མེད་ཅིག་ཡིན་ཞིང་། ལྷག་པར་དུ་ཁོང་གིས་བཟོས་པའི་དཀར་ཆུའི་ཐོན་རྫས་ལ་གཉེན་ཉེ་དང་ཁྱིམ་མཚེས་ཚོས་ཧ་ཅང་དགའ་པོ་བྱེད་པ་མ་ཟད་བསྔགས་བརྗོད་ཀྱང་མང་པོ་ཐོབ་ཡོད།
སྔོན་མ་རང་ཉིད་ལ་ལག་ཤེས་ཡག་པོ་ཡོད་ཀྱང་ཕྱི་རུ་ལས་ཀ་བྱེད་པར་སྐྱོད་ཀྱི་མེད། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བ་དང་། ཐོན་སྐྱེད་དང་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་བཀྲ་ཤིས་གཡང་མཚོ་དང་འདྲ་བར་རང་ཉིད་ལ་ལག་ཤེས་ཡག་པོ་ཡོད་ཀྱང་ངོམ་ས་མེད་ཅིང་། ལུང་ཁུག་ཁོ་ནར་སྡོད་པ་ལས་ཕྱིར་མི་འགྲོ་བ་ནི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་རེད།
མི་རྣམས་ཀྱིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། ཐོན་ལས་ཀྱི་གྲུབ་ཆ་སོགས་ལ་སྔར་བཞིན་ཞན་ཆ་མངོན་གསལ་དོད་པོ་ལྡན་མོད། འོན་ཀྱང་འཕེལ་རྒྱས་ཀྱི་ཕན་འབྲས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་དེ་བས་མང་བ“མི”དང་རྩ་འཛུགས་ཀྱི་རིམ་ངོས་སུ་དེ་བས་མངོན་གསལ་དོད་པས། ཆུ་ཚད་དེ་བས་མཐོ་བའི་གསར་གཏོད་ལ་ཡར་སྐུལ་དང་ཤེས་ལྡན་པའི་རིག་སྟོབས་ཁ་ཐང་བའི་འགྲན་སློང་ཉིན་ལྟར་འཕྲད་བཞིན་ཡོད་པ་ངོས་འཛིན་ཐུབ་ཡོད།
གཞི་རིམ་གྱི་ལས་དོན་ཧ་ཅང་རྙོག་འཛིང་ཆེན་པོ་ཡོད། གནད་དོན་གྱི་འབྱུང་རྩ་བཙལ་མཐར“མི་འབོར་དང་། མི་སེམས། ཤེས་ལྡན་པ”བཅས་ལ་ཐུག་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་མི་ལ་ཐུག་ཡོད། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་ཇི་ལྟར་གཏོང་བའི་མངོན་གསལ་དོད་པའི་གནད་དོན་དང་། སྒྱུར་འཕེལ་བརྟན་གསུམ་གྱི་གདིང་རྩའི་གནད་དོན། མང་ཚོགས་སྒྲིག་འཛུགས་སྐུལ་སློང་གི་དངོས་ཡོད་གནད་དོན་བཅས་ཐག་གཅོད་ཡག་པོ་བྱེད་པའི་འགག་རྩ་དེ་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཐུག་ཡོད། དེས་ན་གཙོ་བོ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་བྱེད་དགོས་ཀྱི་ཡོད།
2022ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་གྲོང་གསེབ་དར་རྒྱས་གཏོང་རིང་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་པར་བརྩི་འཇོག་བྱ་རྒྱུ་ཟུང་འབྲེལ་གྱིས“གྲོང་གསེབ་དར་རྒྱས་གཏོང་། ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོ་གསར་གཏོད་རང་བཞིན་གྱི་སྒོ་ནས་སྤེལ་ཞིང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་གཞི་རྟེན་དུ་བྱས་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་འགྲན་བསྡུར་རང་བཞིན་གྱི་བྱེད་སྒོ་འཇུག་གཞིར་བྱས་ཏེ། ཤེས་དཔལ་ལག་ལེན་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་རྣམ་པ་གསར་པ་བཏོད་ནས་བོད་ཀྱི་ས་བབ་མཐོ་ཤོས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ཕྱོགས་ཡོངས་ནས་སྐྲུན་པའི་ཐབས་ལམ་གལ་ཆེན་བཏོད་ཡོད།
མང་ཚོགས་ལམ་ཕྱོགས་གཏིང་ཟབ་ཁྱབ་པར་བྱས་པ།
“ཞོ་སྙོལ་བའི་འགྲན་བསྡུར་ཡང་ཡོད་དམ། ང་ཞུགས་ཆོག་གམ”“གྲོང་གསེབ་དར་རྒྱས་གཏོང་། ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོ་འགོ་ཚུགས་སྐབས། སྨད་པ་ཤང་དོམ་རྭ་གྲོང་ཚོའི་བཀྲ་ཤིས་གཡང་མཚོ་འགྲན་བསྡུར་ནང་ཞུགས་འདོད་ཆེ་རུང་གདེང་ཚོད་དེ་ཙམ་མེད།
“བྱེད་སྒོ་འདི་ང་ཚོ་མི་སེར་ཚོའི་ཆེད་དུ་སྤེལ་བ་ཡིན་པས། ཞུགས་འདོད་དང་འཇོན་ཐང་ཡོད་མཁན་ཚང་མ་ཞུགས་ཆོག”ཅེས་པའི་གྲོང་གསེབ་ཀྱི་ལས་བྱེད་པའི་དྲིལ་བསྒྲགས་ངོ་སྤྲོད་ཐོས་རྗེས་བཀྲ་ཤིས་གཡང་མཚོའི་ཐེ་ཚོམ་དེ་མ་ཉིད་དུ་བསལ་ནས་འགྲན་བསྡུར་ནང་ཞུགས་རྒྱུའི་སེམས་ཐག་བཅད། འགྲན་བསྡུར་བྱེད་པའི་ཉིན་དེར་བཀྲ་ཤིས་གཡང་མཚོས་རང་ཉིད་ཀྱི་རྩེར་སོན་ལག་རྩལ་མངོན་པར་བྱས་ཤིང་། རྒྱུ་ཆ་འདེམས་པ་ནས་ཐོན་རྫས་བཟོ་བའི་བར་གྱི་ལྷུ་ཚིགས་རེ་རེ་བཞིན་ཞིབ་ཚགས་ངང་བསྒྲུབས་པས་མགྱོགས་མྱུར་འགྲན་ཞུགས་པ་གཞན་ལས་རྣམ་པར་རྒྱལ་ཏེ་མཐར་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་ཚུད་པ་རེད། བཀྲ་ཤིས་གཡང་མཚོས“ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག ང་ཚོ་མི་སེར་དཀྱུས་མ་ཚོ་ཡང་གར་སྟེགས་ཆེན་པོའོ་ཐོག་སྐྱོད་ཐུབ་སོང”ཞེས་དགའ་ཚོར་ཆེན་པོས་བཤད།
2022ལོའི་ཟླ་3པར་ནག་ཆུར་སྔར་བཞིན་གནམ་གཤིས་གྲང་མོ་ཡོད། གྲོང་ཚོ་ཚང་མར་ཁྱབ་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་དེ་ཡངས་པའི་བྱང་ཐང་གི་ས་གཞི་ཆེན་པོར་ཚ་ཚ་འུར་འུར་ངང་ཐེངས་དང་པོ་སྤེལ།
རྩམ་པ་འཐག་པ་དང་། ཇ་བསྲུབས་མ་བཟོ་བ། ཚལ་བརྔོ་བ། གྱོན་གོས་འཚེམ་པ། སྦག་སྦག་བཟོ་བ། གྱང་རྩིག་པ། ཁང་པར་བསྡུ་གསོག་རྒྱག་པ། སྔོག་འཕྲུལ་གཏོང་བ། རླངས་འཁོར་ཞིག་གསོ་བྱེད་པ། གཏམ་བཤད་དང་སྒྲོག་འགྲེལ་བྱེད་པ། ཡིག་གཟུགས་དང་རི་མོ་འབྲི་བ། གླུ་ལེན་གར་འཁྲབ་བྱེད་པ། ལག་ཐོགས་ཁ་པར་ནས་པར་རྒྱག་པ་སོགས་མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་ལ་ཚང་མས་དགའ་པོ་བྱེད་པའི་འགྲན་བསྡུར་རྣམ་གྲངས་གཉེར་བར། ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་བསྐངས་ཡོད། ཚ་ཚ་འུར་འུར་གྱི་འགྲན་བསྡུར་གྱི་རྣམ་པ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའི་དབར་ཁྱད་པར་མངོན་གསལ་དོད་པོ་ཡོད།
ལོ་ན་དང་། ཕོ་མོའི་དབྱེ་བ། ཐོབ་ཐང་བཅས་གང་ལ་ཡང་མི་བལྟོས་པར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་། ཞིང་འབྲོག་མང་ཚོགས། དགེ་འདུན་པ་དང་བཙུན་མ། སློབ་མ། དམངས་གཉེར་ཁེ་ལས་ཀྱི་ལས་བཟོ། ཚོགས་པའམ་ཡང་ན་མི་སྒེར་བཅས་ཚང་མ་འགྲན་བསྡུར་ནང་ཞུགས་ནས་རང་ཉིད་ཀྱི་འཇོན་ཐང་ངོམ་རྒྱུ་བྱུང་བས། ས་ཁོངས་ཡོངས་ཀྱི་གཞི་རིམ་གྱི་ཚོགས་སྤྱི་ཚང་མར་ཁྱབ་པ་དང་། ཚང་མ་སྐུལ་སློང་། ཚང་མ་ཞུགས་ཐུབ་པ་བཅས་བྱུང་ཡོད།
གྲོང་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་སྒྲིག་འཛུགས་ཀྱིས་འགྲན་བསྡུར་ནང་ཞུགས་སུ་བཅུག་པ་མ་ཟད། བྱེད་སྒོའི་རྣམ་གྲངས་ལྟར་ཨང་དང་པོ་ནས་གསུམ་པ་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་དང་འབྲེལ་ཤང་དང་གྲོང་རྡལ་ལ་འོས་སྦྱོར་བྱས་པ་དང་། ཤང་དང་གྲོང་རྡལ་གྱིས་བྱེད་སྒོའི་རྣམ་གྲངས་ལྟར་ཨང་དང་པོ་ནས་གསུམ་པ་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་དང་འབྲེལ་རྫོང་ལ་འོས་སྦྱོར་བྱས་པ། དེ་ལྟར་རིགས་འགྲེ་བྱས་ནས་གྲོང་ཁྱེར་རིམ་པའི་བར་འོས་སྦྱོར་བྱས་ཡོད། མཐར་རྣམ་གྲངས་སོ་སོའི་ཨང་དང་པོ་ནས་གསུམ་པ་ཐོབ་མཁན་ལ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཟེངས་བསྟོད་གྱ་ནོམ་པ་བྱས་ཡོད།
གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གྱིས་བྱ་དགའ་ཐོབ་མཁན་དང་དེའི་ནང་མིར་ལས་ཞུགས་དང་། སྨན་བཅོས། རྒན་གསོ་སོགས་ཀྱི་ཐད་ནས་དེ་མཚུངས་ཀྱིས་ལྟ་རྟོག་བྱས་པ་དང་། བྱ་དགའི་ལག་ཁྱེར་དེ“དམིགས་བསལ་གཟི་བརྗིད་ལག་ཁྱེར”ལ་བསྒྱུར་ནས་བྱ་དགའ་ཐོབ་མཁན་མང་ཚོགས་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་དུ་བཅུག་པ་དང་ཆབས་ཅིག ཁོ་ཚོ་ཟུར་ཁྲིད་པ་དང་། ལག་ཤེས་པ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ། སྲིད་ཇུས་སྒྲོག་འགྲེལ་པ་སོགས་ལ་བསྐོས་ཡོད། སྔོན་ཐོན་ལ་གཟེངས་བསྟོད་དང་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་ཚང་མས་སྔོན་ཐོན་ལ་སློབ་སྦྱོང་དང་། མིག་དཔེ་སྟོན་པ། གཟི་བརྗིད་བརྩོན་ལེན། ལེགས་སྐྱེས་འབུལ་བར་སྣང་ཆེན་བཅས་བྱེད་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་བཏོད་ཡོད།
རྩ་སྲ་རྨང་བརྟན་བྱེད་ལུགས་རྒྱ་སྐྱེད་གཏིང་ཟབ་བཏང་བ།
ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་སྒོ་སྤེལ་བའི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་སྔར་ཡོད་ཀྱི་ལས་ཀ་བྱེད་སྟངས་རྒྱུན་འཛིན་བྱས་པའི་ཁར། རང་ལ་དྲི་བ་གསུམ་བཏོན་ནས་གྲོས་བསྡུར་འཁྲུག་པོ་བྱས་པ་སྟེ། འབད་འབུངས་མདུན་སྐྱོད་ཀྱི་བྱེད་སྒོ་ཞེས་པ་གང་ཡིན་ནམ། འབད་འབུངས་མདུན་སྐྱོད་ཀྱི་བྱེད་སྒོ་སྤེལ་དོན་གང་ཡིན་ནམ། འབད་འབུངས་མདུན་སྐྱོད་ཀྱི་བྱེད་སྒོ་ཡག་པོ་ཇི་ལྟར་སྤེལ་དགོས་སམ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ། འབྲས་བུ་ཕྱོགས་སྟོན་དུ་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་ཡོང་བ་ཧུར་ཐག་གིས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་ཡོད།
ད་ཐེངས་ཀྱི་གྲོས་བསྡུར་བརྒྱུད་བསམ་བློའི་གཏིང་ནས་ངེས་ཤེས་ཀྱི་གནད་དོན་ཐག་གཅོད་བྱས་པས། བསམ་གཞིགས་ཀྱི་གནས་བབ་ལས་བརྒལ་བ་དང་། ཐབས་ལམ་ལ་བརྟེན་དྲགས་པའི་བསམ་བློ་དོར་བ། སྔོན་གཏན་འཁེལ་བའི་གནས་བབ་ལས་གྲོལ་བ་བཅས་མགྱོགས་སུ་ཕྱིན་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་ཐབས་གསར་གཏོད་ལ་བརྟེན་ནས་ལག་ལེན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།
—— མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་དམིགས་ཏེ་མང་ཚོགས་ཀྱིས་དགའ་ཤོས་བྱེད་པའི་ཐད་ཀའི་བྱེད་ཐབས་སྤྱད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱིས་རང་ཉིད་ཀྱི་རྩལ་ནུས་དང་སྤྲོ་སེམས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་སྐྲུན་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་ཐུན་མོང་ཐོག་གཏོད་པར་སྐུལ་སློང་གང་ལེགས་བྱས་ཡོད། དེའི་ཐད། རྫོང་དང་ཆུས་ཁག་གི་ཁྱད་ཆོས་ལྡན་པའི་ནང་དོན་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ཕུན་སུམ་ཚོགས་སུ་བཏང་བ་དང་རྟ་རྒྱུག་འགྲན་བསྡུར་རིག་གནས་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་གྲངས་དེ་བས་མང་བ་འབད་འབུངས་མདུན་སྐྱོད་བྱེད་སྒོར་བསྲེས་ཡོད།
—— དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ཡོང་བར་དམིགས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་ལག་རྩལ་སྣ་ཚོགས་སྔོག་འཚོལ་བྱས་ནས་སློབ་གསོའི་ཁྲིད་སྟོན་དང་། རྩལ་ནུས་གསོ་སྦྱོང་། གྲུབ་འབྲས་གཞན་སྒྱུར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ལ་སོ་སོའི་ལག་པ་དང་བློ་རིག་ལ་བརྟེན་ནས་དཀའ་སྤྱད་ངལ་རྩོལ་ཁྲོད་གཟི་བརྗིད་ཐོབ་པ་དང་ཡོང་འབབ་རག་པར་བྱས་ཡོད། དེའི་ཐད། ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་ཁག་465སྔོག་འདོན་བྱས་པ་དང་མདུན་སྐྱོད་བྱེད་སྒོར་འགྲེམས་སྟོན་འགྲེམས་འཚོང་ཐེངས་800ལྷག་ཙམ་གཉེར་ཡོད།
—— མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱ་རྒྱུར་དམིགས་ཏེ་མང་ཚོགས་ལ“འདུ་ཤེས་གསུམ”ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ནས་བྱེད་སྒོ་སྤེལ་རིང་གྲུབ་པའི་ཐུན་མོང་གི་ངོས་འཛིན་མང་པོ་ཞིག་ཤང་སྲོལ་དམངས་ཆིངས་དང་། གྲོང་སྲོལ་དམངས་ཆིངས། དགོན་སྲོལ་བཙུན་ཆིངས་བཅས་ཀྱི་ནང་མཉམ་འདྲེས་ནུས་ལྡན་བྱས་ཏེ། མང་ཚོགས་ལ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འགན་འཁྲི་གཙང་སྒྲུབ་དང་ལེགས་སྐྱེས་འབུལ་དགོས་པའི་སློབ་གསོ་བརྒྱབ་ཡོད། དེའི་ཐད། འབད་འབུངས་མདུན་སྐྱོད་བྱེད་སྒོ་དེ་ལས་སྟེགས་སུ་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་ཐེངས་2000ལྷག་ཙམ་སྤེལ་བ་དང་། ཤང་སྲོལ་དམངས་ཆིངས་དང་། གྲོང་སྲོལ་དམངས་ཆིངས། དགོན་སྲོལ་བཙུན་ཆིངས་བཅས་ཀྱི་དོན་ཚན་1865ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་ཡོད།
—— གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུར་དམིགས་ཏེ་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་སྣེ་ཁྲིད་དཔེ་སྟོན་དང་ཧུར་ཐག་ཞུགས་པ་བརྒྱུད། ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་གྲོས་བསྡུར་བྱེད་པ། མཉམ་དུ་ལས་ཀ་བྱེད་པ། མཉམ་དུ་དགའ་སྤྲོར་རོལ་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་དང་ཤ་རུས་གཅིག་འདྲེས་བྱེད་པ། གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ། འཐབ་འཛིང་མཁར་རྫོང་བརྟན་པོ་སྐྲུན་པ་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་། སྒྲིག་འཛུགས་བྱེད་ཤུགས། འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། དེའི་ཐད། གསར་གཏོད་རང་བཞིན་གྱི་སྒོ་ནས“མཉམ་སྐྲུན་མཉམ་སྤྱོད་མཉམ་རོལ་དང་། ཐུན་མོང་འབབ་འཕར་ཕྱུག་འགྱུར”ཞེས་པའི་འབད་འབུངས་མདུན་སྐྱོད་རུ་ཁག་1300ལྷག་ཙམ་བཙུགས་པ་དང་། ཕུལ་བྱུང་གི་འབད་འབུངས་མདུན་སྐྱོད་རུ་མི་ཁག་ཐེངས་རེ་རེས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པར་ཧུར་ཐག་དང་རང་འགུལ་ངང་འདུ་ཤེས་སྒྱུར་བ་དང་། བཅོས་སྐྱོང་ནང་ཞུགས་པ། རྩལ་ནུས་ལེགས་སུ་གཏོང་བ། འབབ་འཕར་ཕྱུག་འགྱུར་བཅས་བྱེད་པར་སྐུལ་ཁྲིད་བྱས་ཏེ་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ཡོང་བར་གསོན་ཤུགས་གསར་པ་བསྣན་ཡོད།