དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • “བྱས་རྗེས་རིམ་པ་དང་པོ་འཇོག་མཁན་གཞུང་ཞབས་པའི་མཉམ་སྡེབ”ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་ཏང་ཨུད་ཀྱིས།

    “མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་དོན་བསྒྲུབས་ནས་དམངས་ཀྱི་བློ་མགུ་བར་བྱས་པ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སུན་ཁའེ་ཡོན། ཝུའུ་ཕེ་ཐའོ།   |     སྤེལ་དུས།  2025-02-25

    དབྱར་ཁར། ཡར་འབྲོག་གཡུ་མཚོའི་ངོགས་ཀྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ཁེངས་ཤིང་། མི་དམངས་ཉེན་རྟོག་པས་ཡུལ་སྐོར་འགྲུལ་འཁོར་ཆེན་པོ་ཞིག་གི་ཁ་བཀག

    “འགྲུལ་འཁོར་གྱི་འགྲུལ་པ་ཞིག་གི་ཁ་པར་ལྗོངས་གཟིགས་སྒང་ཨང་4པར་ལུས་འདུག”ཅེས་པའི་མི་དམངས་ཉེན་རྟོག་པའི་ལན་འབྱོར་རྗེས། འགྲུལ་འཁོར་གྱི་ཁ་ལོ་བས་འགྲུལ་པ་སུ་ཞིག་གི་ཁ་པར་བོར་མིན་སྐད་ཆ་དྲིས་པར། བུད་མེད་ཡུལ་སྐོར་བ་ཞིག་གིས་རང་ཉིད་ཀྱི་ཁ་པར་ལུས་པ་གཞི་ནས་ཤེས། ཡུད་ཙམ་སོང་རྗེས། ལྗོངས་གཟིགས་སྒང་ཨང་4པའི་ཏང་ཡོན་ས་ཚིགས་ཀྱི་ལས་རེས་ཏང་ཡོན་གྱིས་ཆེད་མངགས་ལག་ཐོགས་ཁ་པར་སྐྱེལ་བར་སླེབས།

    དེ་ནི་ན་ནིང་དབྱར་ཁར་སྣ་དཀར་རྩེ་རྫོང་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་བྱུང་བའི་མི་སེམས་དྲོ་བའི་གནས་ཚུལ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། གོང་རིམ་ཏང་ཨུད་ཀྱི་རྒྱབ་སྐྱོར་འོག སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་ཏང་ཨུད་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་དོན་བསྒྲུབས་ནས་དམངས་ཀྱི་བློ་མགུ་བར་བྱས་ཏེ། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དང་། ཡུལ་སྐོར་ཞབས་ཞུ་འཕེལ་རྒྱས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལམ་བུ་ཞིག་བཏོད་ཡོད།

    ཤང་ཏང་ཨུད་ཀྱིས་ཐབས་ཤེས་འདོན་པ་དང་ལམ་སྣེ་ཁྲིད་པ།

    “ཐབས་ཤེས་འདོན་པ་དང་ལམ་སྣེ་ཁྲིད་པ”དང་། “མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་དོན་བསྒྲུབས་ནས་དམངས་ཀྱི་བློ་མགུ་བར་བྱེད་པའི”བྱེད་སྟངས་དེ་རིགས་ནི། དཔལ་སྡེ་ཤང་ཏང་ཨུད་སྐབས་རིམ་བྱུང་གིས་གོང་རིམ་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འདུ་ཤེས་སྒྱུར་བ་དང་། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྒྱུད་མཐུད་བྱེད་སྟངས་ཤིག་རེད།

    གཡུ་ལྟར་སྔོ་ཞིང་དྭངས་བའི་ཡར་འབྲོག་གཡུ་མཚོས་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འགུགས་བཞིན་ཡོད། དཔལ་སྡེ་ཤང་ལ་སྲིད་འཛིན་གྲོང་ཚོ་8ཡོད་པར་རྒྱུན་དུ“ཡུལ་སྐོར་གྲོང་ཚོ་5དང་འབྲོག་པའི་གྲོང་ཚོ་3”ཅེས་བརྗོད་ཀྱི་ཡོད། མཚོ་འགྲམ་གྱི་གྲོང་ཚོ་5པོ་མཚོ་འགྲམ་གྱི་ཡུལ་སྐོར་ལམ་ཐིག་རྒྱུད་དུ་གནས་ཤིང་། མ་གཞི་ས་མ་འབྲོག་ཡིན་ཡང་། ནམ་རྒྱུན་མང་ཚོགས་ཕྱིར་གླ་པ་རྒྱུག་པ་དང་ཚོང་རྒྱག་པར་འགྲོ་སྲོལ་ཡོད།

    ཡར་འབྲོག་གཡུ་མཚོར“ཡུལ་སྐོར་བྱེད་རིང་འགྲོ་སོང་མི་གཏོང་བ་དང་། ཡུལ་ལྗོངས་ཁུལ་དུ་ཞག་སྡོད་མི་བྱེད་པ། རིར་འཛེགས་པ་ལས་མི་བབས་པ”བཅས་ཀྱི་སྣང་ཚུལ་དེ་རིགས་ཐག་གཅོད་ནུས་ལྡན་བྱ་ཆེད། ངལ་གསོའི་དུས་ཤར་མ་ཐག་དཔལ་སྡེ་ཤང་གི་ལས་བྱེད་པས་འཁྲབ་སྟོན་པ་དང་། མ་བྱན། ཚོང་པ། བདེ་འཇགས་པ། ཞབས་འདེགས་པ་བཅས་བྱེད་བཞིན་ཡོད།

    དེ་སྔ་མཚོ་འགྲམ་དུ་འབྲི་གཡག་བཞོན་པ་དང་། འདོགས་ཁྱི་དང་མཉམ་དུ་པར་རྒྱག་པ། ཚོང་ཁང་ཆུང་ཆུང་འཛུགས་པ། ཡུལ་སྐོར་དྲན་རྟེན་དངོས་པོ་འཚོང་བ་སོགས་ཞབས་ཞུའི་རྣམ་གྲངས་ཀྱི་རྨང་གཞིའི་ཐོག དཔལ་སྡེ་ཤང་ཏང་ཨུད་ཀྱིས་མཛེས་ལྗོངས་ཁུལ་གཞན་དག་གི་བྱེད་སྟངས་ཡག་པོ་དཔྱད་གཞིར་བཟུང་ནས། ཤང་གི་ལས་བྱེད་པས་དཔེ་སྟོན་དང་མང་ཚོགས་ཀྱིས་རྗེས་སུ་སློབ་སྦྱོང་བྱེད་པའི་བྱེད་སྟངས་ལ་བརྟེན་ཏེ། རྙིང་འབུད་གསར་འདོན་གྱིས་བསྲེགས་ཤ་དང་། ལུག་ཤ་ཧྲིལ་པོ་བསྲེགས་པ། ཞོ། བོད་ལུགས་ཀྱི་སྒོ་ངའི་བག་ལེབ། ཀོག་ཧྥེ་སོགས་ཁ་སྣོན་བྱས་ཏེ། སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་ཐག་རིང་གི་སྐུ་མགྲོན་ཚོའི་ཡིད་དབང་འགུགས་པ་དང་དུས་མཚུངས། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཀྱང་འཚོང་བཞིན་ཡོད།

    གོང་རིམ་ཏང་ཨུད་ཀྱི་སྐུལ་ལྕག་དང་རྒྱབ་སྐྱོར་འོག དཔལ་སྡེ་ཤང་ཏང་ཨུད་ཀྱིས་གྲོང་ཚོ་ཁག་ལ་ལྗོངས་གཟིགས་སྒང་དུ་ཀོག་ཧྥེ་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་པ་རེད། ཆུ་གསེར་གྲོང་ཚོས་ཀོག་ཧྥེ་ཁང་ཐོག་མར་བཙུགས་པར། ཉིན་ལྟར་ཚོང་གཉེར་ཡོང་འབབ་སྒོར་2000ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    གྲོང་ཚོའི་ཏང་ཀྲི་པུའུ་ནི་བཙན་རྫོང་དང་མིག་དཔེ་ཡིན་པ།

    ཆུ་གསེར་གྲོང་ཚོའི་སྐོར་གླེང་སྐབས། ཆུ་གསེར་གྲོང་ཚོའི་ཏང་ཀྲི་པུའུ་དང་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་གླེང་དགོས་ངེས་སུ་གྱུར།

    སྤེན་པ་ནི་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་རེད། ཁོང་གི་སྣེ་ཁྲིད་འོག ཆུ་གསེར་གྲོང་ཚོར་གྲོང་གསེབ་དར་རྒྱས་དང་ཞབས་ཞུ་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ཏེ། “ཀྲི་པུའུ་ཡིས་སྣེ་ཁྲིད་དང་། ཀུང་སིས་དོ་དམ། མང་ཚོགས་ཞུགས་པ། ལས་བྱེད་པས་རམ་འདེགས”བཅས་ཀྱི་བྱ་ཐབས་གཞིར་བཟུང་། གྲོང་ཚོ་ཡོངས་ཀྱི་མང་ཚོགས་སྣེ་ཁྲིད་དེ་ཡུལ་སྐོར་ཞབས་ཞུའི་ནང་ཧུར་ཐག་ཞུགས་ནས། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ལེགས་སུ་རྒྱུན་ཆད་མེད་པར་བཏང་ཡོད།

    2023ལོར་ཆུ་གསེར་གྲོང་ཚོའི་ཡུལ་སྐོར་ཡོང་འབབ་ཁེར་གཙང་སྒོར་ཁྲི་150ཟིན་པ་དང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་51ལ་དུད་ཚང་རེར་ཆ་སྙོམས་དངུལ་སྨར་སྒོར་ཁྲི་རེ་བགོས་པ་རེད། 2024ལོར་ཡུལ་སྐོར་ཡོང་འབབ་ཁེར་གཙང་སྒོར་ཁྲི་180ཡན་ཟིན་ཡོད་པ་རེད།

    《〈གྲོང་ཚོའི་ལས་བྱེད་པས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་མ་གཏོང་བ་དང་བྱ་དགའ་སྤྲོད་པའི་བྱ་ཐབས(ཚོད་ལྟའི་ལག་བསྟར)>བཀྲམ་རྒྱུའི་སྐོར་གྱི་བརྡ་ཐོའི》གཏན་འབེབས་ལྟར། གྲོང་ཚོའི་མཉམ་སྡེབ་ཡོང་འབབ་ཀྱི་10%སྟེ་སྒོར་ཁྲི་18གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་བྱ་དགར་བརྩི་བཞིན་ཡོད་སྟབས། སྤེན་པ་སྣེ་ཁྲིད་པ་ཡིན་པའི་ངོས་ནས་བྱ་དགའ་སྒོར་ཁྲི་9ཙམ་རག་ཡོད།

    ཆུ་གསེར་གྲོང་ཚོའི་ཏང་ཀྲི་པུས་ཀྲི་པུའི་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་བྱ་དགའ་སྤྲོད་པའི་སྐོར་གྲོས་བསྡུར་བྱས་ཀྱང་། མཐར་ཚང་མས་དངུལ་དེ་མི་ལེན་རྒྱུའི་ཐག་བཅད་པ་རེད།

    ཏང་ཡོན་ནི་དར་ཆ་དང་སྲོག་ཤིང་ཡིན་པ།

    “མགྱོགས་པོ་མི་སྐྱོབས་དང”ཞེས་པའི་སྒྲ་ཐོས་རྗེས། ཏང་ཡོན་ས་ཚིགས་སུ་ལས་རེས་བྱེད་བཞིན་པའི་ཆོས་འཕེལ་གྱིས་མྱུར་དུ་ལྗོངས་གཟིགས་སྒང་དུ་བསྐྱོད་པར། ལོ་50ལྷག་ཙམ་ལ་སླེབས་པའི་ཡུལ་སྐོར་བ་ཞིག་གི་རྐང་པ་གཉིས་མཚོ་འགྲམ་གྱི་འདམ་ལ་དིམ་ཡོད་པ་མཐོང་།

    ནམ་རྒྱུན་མཚོ་འགྲམ་དུ་འཚོ་བ་སྐྱེལ་བཞིན་པའི་ཁོང་གིས་དེ་མ་ཉིད་དུ་ཐག་རིང་ས་ཞིག་ནས་རྡོ་དབོར་ཏེ་རྐང་བཀྱག་བྱས་ནས་ཡུལ་སྐོར་བའི་སར་ག་ལེར་བཅར་རྗེས། ལག་པས་འདམ་སྔོག་ཅིང་། མི་གཞན་གྱི་རོགས་རམ་འོག་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སོང་རྗེས། ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བ་དེ་ཉེན་ཁ་ལས་ཐར་ཐུབ་པ་བྱུང་ཡོད།

    ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་ཡིན་པའི་དཔལ་སྡེ་ཤང་གི་ཁོངས་སུ་ཁྱོན་ལྗོངས་གཟིགས་སྒང་5ཡོད་པ་དེ་དག་ཚང་མར་ཏང་ཡོན་གྱི་ས་ཚིགས་རེ་ཡོད་ཅིང་། གྲ་མ་ལུང་དང་། ཆུ་གསེར། དཔལ་སྡེ། ཡར་གཟིགས། ཀ་ཝ་བཅས་གྲོང་ཚོའི་ཏང་ཀྲི་པུའུ་5ཡི་ཏང་ཡོན་གྱིས་ས་ཚིགས་སུ་ལས་རེས་བྱེད་བཞིན་ཡོད།

    ཏང་ཡོན་གྱི་ས་ཚིགས་སུ་འབོལ་ཁྲི་དང་། གློག་གསོག་ས། ཆུ་གཙང་མ། གསོ་རླུང་བཟོ་འཁོར། སྨན་སྒམ་སོགས་དངོས་རྫས་བཞག་ཡོད་པས། ཡུལ་སྐོར་བས་ག་དུས་ཡིན་རུང་ངལ་གསོ་བ་དང་། གློག་གསོག་པ། གསོ་རླུང་རྔུབ་པ་བཅས་བྱེད་ཆོག་གི་ཡོད། ས་བབ་མཐོ་ཚད་ལ་སྨི་4400ལྷག་ཙམ་ཡོད་པའི་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་གལ་ཏེ་ཡུལ་སྐོར་བར་གསོ་རླུང་དང་དྲོད་ཚད་མི་འདང་བ་སོགས་ཀྱི་གནས་ཚུལ་ཐོན་པའམ། ཡུལ་སྐོར་བ་དང་ཚོང་པའི་དབར་རྩོད་གཞི་ཐོན་ཚེ། གུང་ཁྲན་ཏང་ཡོན་གྱིས་ཁོང་ཚོར་འདུམ་འགྲིག་བྱེད་རོགས་བྱེད་ཀྱི་ཡོད།

    ད་ཆ་དཔལ་སྡེར་གྲོང་ཚོ་ཁག་གི“ཨུ་ལྷན་གཉིས”ཚན་ཁག་དང་། དྲ་མིག་པ། གཞི་རིམ་གྱི་འདུམ་འགྲིག་པ། གྲོང་སྡོད་ལས་དོན་རུ་ཁག ཏང་ཡོན། ལས་བྱེད་པ། ས་གནས་དེ་གའི་མང་ཚོགས་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཞབས་ཞུའི་རུ་ཁག་དང་། སྐོར་ཞིབ་རུ་ཁག ཁ་ཏ་རུ་ཁག འདུམ་འགྲིག་རུ་ཁག སྨན་དོན་རུ་ཁག་བཅས་བཙུགས་ནས། མཛེས་ལྗོངས་ཁུལ་གྱི་ཞབས་ཞུ་དང་བཅོས་སྐྱོང་ནང་ཞུགས་ཀྱི་ཡོད། མིག་སྔར། དཔལ་སྡེར་ཡུལ་སྐོར་བ་དགའ་པོ་དང་། འཛད་སྤྱོད་ཐད་བློ་ཡིད་ཚིམ་པ། མང་ཚོགས་བློ་མགུ་བ། ཡོང་འབབ་ལོ་རེ་བཞིན་འཕར་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།