དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་པད་མ་སྒང་ཁྲོམ་གཞུང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-05

    འདི་ནི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཡིན་པ།

    2024ལོ་ཚུན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་འཚོལ་ཞིབ་དང་། སྐུལ་འདེད། འཐུས་ཚང་། ཕྱོགས་སྡོམ་བཅས་མཐའ་འཁྱོངས་བྱས་ཏེ་བསྒྲུབས་ཕོད་པ་དང་སྔོན་ལ་ཚོད་ལྟ་བྱས་ཏེ། “དང་པོ”བརྒྱད་ལ་བརྟེན་ནས་ཁྲོམ་གཞུང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    ཉིང་ཁྲི་གྲོང་ཁུལ་གྱི་སྐོར་སྐྱོད་བོགས་གཏོང་རླངས་འཁོར་ལས་རིགས་ཀྱི་ཏང་ཀྲི་པུའུ་དང་པོ་བཙུགས་ཤིང་། པད་མ་སྒང་ཁྲོམ་གཞུང་གིས་བོགས་གཏོང་རླངས་འཁོར་ལས་རིགས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་རྣམ་པ“གསར་པ”ཧུར་ཐག་བཏོད་དེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་ཆེའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས“གསར་པར”ཏན་ཏིག་བསྒྱུར་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་ཁྲོམ་གཞུང་ཚོང་ཚོགས་དང་པོ་བཙུགས་ཤིང་། བྲག་ཡིབ་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དམངས་སྲིད་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག པད་མ་སྒང་ཁྲོམ་གཞུང་གིས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ཉིང་ཁྲིའི་ཁྲོམ་གཞུང་གི་ཚོང་ཚོགས་དང་པོ་བཙུགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་རམ་འདེགས་བྱས་པ་དང་ཁེ་ལས་ཀྱི“མཐའ་མའི་འགག་གནད”བསལ་ཡོད།

    ཉིང་ཁྲིའི་གྲོང་ཁུལ་གཙོ་བོའི་དྲ་མིག་དོ་དམ་བྱེད་ཐབས་དང་པོ་བཟོས་ནས་བཏོན་ཞིང་། ཁོངས་གཏོགས་ཁུལ་གྱི་དྲ་མིག་ལས་དོན་གྱི་གནས་ཚུལ་དངོས་ལ་གཞིགས་པ་དང་། གྲོང་མིའི་དགོས་མཁོ་དངོས་དང་ཟུང་འབྲེལ། གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། ཉིང་ཁྲིའི་གྲོང་ཁུལ་གཙོ་བོའི་དྲ་མིག་དོ་དམ་བྱེད་ཐབས་དང་པོ་སྟེ《པད་མ་སྒང་ཁྲོམ་གཞུང་གིས་དྲ་མིག་ལས་དོན་སྟོབས་ཆེར་གཏོང་བའི་དོ་དམ་དང་ཞབས་ཞུའི་ལམ་སྲོལ》དང《པད་མ་སྒང་ཁྲོམ་གཞུང་སྡེ་ཁུལ་གྱི་ལས་དོན་པས་དྲ་མིག་གི་འགན་འཁྲིར་དམིགས་པ》《པད་མ་སྒང་ཁྲོམ་གཞུང་གི་དྲ་མིག་ཞབས་ཞུ་དང་སྐད་འཕྲིན་ཚོགས་པའི་བཅོས་སྐྱོང་དོ་དམ་ལམ་སྲོལ》བཅས་བཟོས་ནས་བཏོན་པའི་དམིགས་ཡུལ་ནི་དྲ་མིག་ལས་དོན་གྱི་ཞབས་ཞུ་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་མིར་ཞབས་འདེགས་ཞུ་བའི་ཕན་འབྲས་དང་ཁྱབ་རྒྱ་ཆེ་རུ་གཏོང་ཆེད་ཡིན་པ་རེད།

    ཉིང་ཁྲིའི་གྲོང་ཁུལ་གཙོ་བོའི་བློ་རིག་སྡེ་ཁུལ་གྱི“དཔེ་མཚོན་ཁང”དང་པོ་བསྐྲུན་ཞིང་། པད་མ་སྒང་ཁྲོམ་གཞུང་གིས“སྲིད་ཇུས་རྒྱབ་སྐྱོར་དང་། གྲོང་མི་ཞུགས་པ། ཁྲོམ་ར་འཁོར་སྐྱོད་བཅས་ཀྱི“སྲིད་གཞུང་དང་ཁེ་ལས་མཉམ་འགུལ”གྱི་རྣམ་པ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་སྟེ། གྲངས་འཛིན་ཅན་གྱི“དྲ་མིག”ལ་བརྟེན་ནས་གྲོང་མིར་ཞབས་འདེགས་ཞུ་བའི་སྐད་འཕྲིན་ཚོགས་པ་བཙུགས་པ་དང“དམངས་ཀྱི་རེ་འབོད་ལ་བརྡ་ལན་ཞུ་བའི”རྣམ་པ་གསར་པ་བཏོད་ནས་ཁོངས་གཏོགས་ཁུལ་གྱི་ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་གི་དྲ་མིག་དེ་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་བློ་རིག་ཅན་གྱི་ཁུལ་ཆུང་དང་པོར་བཏོད་ནས་གྲོང་མི་མང་ཚོགས་ཀྱི་འཚོ་བ“བློ་རིག”ལྡན་པ་དང་། དེ་བས“སྤུས་ཚད”ལྡན་པར་གྱུར་ཡོད།

    ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཕྱོགས་ནས་ཟླ་རེར་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་པོ་བྱས་ཤིང་། 2024ལོའི་ཟླ་9ཚུན་དུ་པད་མ་སྒང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་ཟླ་རེར་ཁོངས་གཏོགས་ཁུལ་གྱི་དྲ་ཐོག་གི་གྲོང་མི་ཁྲི་2.4ལ་ཕྱོགས་ནས་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱས་པ་མ་ཟད། གྲོང་མིའི་དཔྱད་བསྡུར་དང་ལེན་ཡང་བྱས་ཏེ་ཁྲོམ་གཞུང་དང་། སྡེ་ཁུལ། གྲོང་མི་བཅས་ཀྱི་དབར་འབྲེལ་གཏུག་གི་སྦྲེལ་ཟམ་བསྐྲུན་ནས་སྡེ་ཁུལ་ལས་དོན་གྱི་ཁ་གསལ་ཚད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་ཕྱིན་པའི་ཁར་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད།

    རང་སྐྱོང་ལྗོངས་ཀྱི“ཁེ་ལས་གཉིས་དང་གསར་པ་གསུམ”གྱི་བཅའ་ཁྲིམས་ཁྱབ་གདལ་དང་བླངས་པའི་དཔུང་ཁག་དང་པོ་བཙུགས་ཤིང་། པད་མ་སྒང་སྡེ་ཁུལ་ཀོང་པོ་ཁྲོམ་གཞུང་ཏང་ཀྲི་པུས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཁྲོད་ཀྱི་སྤྱི་ཚོགས་སྟོབས་ཤུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་དང་བླངས་བྱེད་སྒོ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    རང་སྐྱོང་ལྗོངས་ཀྱི“ཁེ་ལས་གཉིས་དང་གསར་པ་གསུམ”གྱི་དུག་འགོག་དང་བླངས་ཞབས་ཞུའི་རུ་ཁག་དང་པོ་བཙུགས་ཤིང་། པད་མ་སྒང་སྡེ་ཁུལ་ཀོང་པོ་ཁྲོམ་གཞུང་ཏང་ཀྲི་པུས་སྤྱི་ཚོགས་སྟོབས་ཤུགས་དུག་འགོག་འཐབ་རྩོད་ནང་ཞུགས་པར་སྐུལ་སློང་ཧུར་ཐག་བྱས་པ་དང་དུག་འགོག་དང་བླངས་པའི་བྱ་སྤྱོད་བདེ་བླག་ངང་སྤེལ་འགོ་འཛུགས་པ་དང་གཏིང་ཟབ་ངང་སྤེལ་བར་དཔེ་སྟོན་དང་སྣེ་ཁྲིད་ནུས་པ་བཏོན་ནས་དུག་འགོག་གི་བླང་བྱ་སྡེ་ཁུལ་གྱི་ཁྱིམ་ཚང་ཚང་མར་ཁྱབ་པར་བྱས་ཏེ། དུག་རྫས་བཀག་འགོག་བྱེད་པ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱས་ཡོད།

    《བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་གི་ཏང་འཛུགས་སྐྱོང་གིས་གཞི་རིམ་ཞབས་ཞུ་དང་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དཔེ་མཚོན》དེ“དུས་རབས་གསར་པའི་རྒྱལ་ཡོངས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་མཐོ་རིམ་གླེང་སྟེགས”ཀྱི་རྩོམ་བསྡུའི་ནང་བདེ་བླག་ངང་ཚུད་པ་མ་ཟད། ས་གནས་ས་ཐོག་གི་ཚོགས་འདུར་གདན་ཞུས་ལྟར་ཞུགས་པ་དེ་ནི་བོད་ཀྱི་བདམས་ཐོན་བྱུང་བའི་དཔེ་མཚོན་དང་པོ་དེ་རེད། ད་ཐེངས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་རྩོམ་བསྡུའི་བྱེད་སྒོའི་ཁྲོད《བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་གི་ཏང་འཛུགས་སྐྱོང་གིས་གཞི་རིམ་ཞབས་ཞུ་དང་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དཔེ་མཚོན》ལ“བྱ་དགའ་དང་པོའི”གཟི་བརྗིད་མཚན་སྙན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།