དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • “ཡག་པོ་བཞིའི་གྲོང་གསེབ་ལམ་བུ”བསྐྲུན། དར་རྒྱས་ཀྱི་བགྲོད་ལམ་ཤར་གཏོང་བྱུང་།

    —— ཉིང་ཁྲི་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-01

     འདི་ནི་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་ནས་ཨ་གྲགས་གྲོང་ཚོར་སྐྱོད་སའི་གྲོང་གསེབ་ལམ་བུ་ཡིན་པ།

    མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་གྱི་རིང་ཐག་སྤྱི་ལེ་4285ཟིན་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་ཚང་མར་ལམ་བུ་བསྐྲུན་པ་དང་། ཤང་གྲོང་53དང་སྒྲིག་ཁོངས་གྲོང་ཚོ་451ལ་གཞུང་ལམ་ཤར་གཏོང་ཐུབ་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་1910བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་གཉིས་པའི་ཟོག་འདྲེན་ས་ཚིགས་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་3262བཏང་ནས་རྫ་ཡུལ་དང་། མེ་ཏོག སྤོ་བོ། ཀོང་པོ་རྒྱ་མདའ་བཅས་རྫོང་རིམ་པའི་འགྲུལ་སྐྱེལ་ས་ཚིགས་4བསྐྲུན་ཡོད།

    ཐག་རིང་གྲོང་གསེབ་ཀྱི་ལམ་བུའི་དཀའ་གནད་སེལ་བ་ནས་གཞུང་ལམ་གྱི་བདེ་འཇགས་དང་སྤུས་ཚད་ལེགས་སུ་གཏོང་བའི་བར་དང་། དེ་ནས་གཉེར་སྐྱོང་ཞབས་ཞུ་ལེགས་སུ་གཏོང་བ་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བར། ཉིང་ཁྲི་གྲོང་ཁྱེར་གྱིས་གོམ་པ་རིམ་བགྲོད་ངང“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”དེ་ཞིང་པ་ཕྱུག་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དང་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་བསྐྲུན་ནས། གྲོང་གསེབ་དར་རྒྱས་ལ་རྫོགས་མཐའ་མེད་པའི་གསོན་ཤུགས་བསྣན་ཡོད།

    “གྲོང་གསེབ་ཀྱི་གཞུང་ལམ་སྔར་བས་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱེད་དགོས” 2024ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུའི”སྐོར་གྱི་མཛུབ་སྟོན་གལ་ཆེན་གནང་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད།

    ལོ་བཅུའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཁྱབ་ཁོངས་སུ་ནུས་ཤུགས་ཡོད་རྒུ་བཏོན་ནས། འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་ལག་བསྟར་བྱས་ཤིང་། རིམ་རྩིས་བརྒྱབ་ན། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་200ལྷག་ཙམ་ལག་བསྟར་བྱས་པར་འཛུགས་སྐྲུན་ལམ་ཐག་སྤྱི་ལེ་1800ལྷག་ཙམ་ཟིན་ཡོད། རྣམ་གྲངས་དེ་དག་ལས་གནད་སྨིན་ཤུགས་འདོན་དང་འབེན་གཏད་འགག་སྒྲོལ་བྱས་ནས་སྲིད་འཛིན་གྲོང་ཚོ་130ལྷག་ཙམ་གྱི་ཕྱིར་སྐྱོད་དཀའ་གནད་བསལ་བས་མང་ཚོགས་ཁྲི་6ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད།

    གཞན་ཡང་། གྲོང་གསེབ་ཀྱི་གཞུང་ལམ་ཁག་250ལྷག་ཙམ་གྱི་བདེ་འཇགས་དང་ཚེ་སྲོག་འགན་སྲུང་གི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཉེན་འགོག་ལམ་ཐག་སྤྱི་ལེ་750ལྷག་ཙམ་ཟིན་ནས་འཁོར་གཏོང་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་ཞིག་བསྐྲུན་ཡོད། མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་ཉེན་ཡོད་ཟམ་པ་སྒྱུར་བཀོད་རྣམ་གྲངས་49ལེགས་སྒྲུབ་བྱས་ཏེ། ཟམ་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་བསལ་ནས་འགྲོ་ལམ་ཤར་བགྲོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་གྱི་རིང་ཐག་སྤྱི་ལེ་4285ཟིན་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་ཚང་མར་ལམ་བུ་བསྐྲུན་པ་དང་། ཤང་གྲོང་53དང་སྒྲིག་ཁོངས་གྲོང་ཚོ་451ལ་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད།

    དེ་དང་ཆབས་ཅིག“153”གྱི་རྒྱུན་གཏན་གྱི་བདག་སྐྱོང་ཁ་གསབ་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་ནོར་སྲིད་ཁ་གསབ་མ་དངུལ་བཀོད་སྒྲིག་འདང་ངེས་བྱས་ཤིང་། མ་དངུལ་གྲབས་གསོག་གི་ཐབས་ལམ་བཙུགས་ཏེ་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ནང་བཅུག་པའི་བསྡུར་ཚད་100%ཟིན་པ་དང་འབྲིང་རིམ་ལམ་བུ་ཡན་གྱི་བསྡུར་ཚད་75%ལས་བརྒལ་ཡོད་པ་རེད།

    གཞན་ཡང་། ཆེད་ལས་ཅན་གྱི་ཁྲོམ་རའི་བདག་སྐྱོང་ཀུང་སི་3བཙུགས་པ་དང་། མ་དངུལ་སྒོར་ཁྲི་80ལྷག་ཙམ་བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཚན་རིག་ཞིབ་འཇུག་ཁང་ལ་སྲིད་ཇུས་ཞིབ་འཇུག་དང་ལག་རྩལ་ལས་དོན་སྤེལ་རྒྱུའི་མངགས་བཅོལ་བྱས་ཤིང་། གྲོང་ཁྱེར་མི་སྤྱི་ཅུས་དང་མཐུན་སྦྱོར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་མི་སྣ་གསོ་སྦྱོང་བྱས་པ་དང་། མ་དངུལ་སྒོར་ཁྲི་200ལྷག་ཙམ་བཀོད་སྒྲིག་བྱས་ནས། མི་500ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ལམ་གཞུང་རྒྱུ་ནོར་དང་ལམ་དབང་སྲུང་སྐྱོང་དཔུང་ཁག་གི་རྣམ་པ་གསར་པ་འཛུགས་སྐྱོང་བྱས་ཤིང་། སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། རྫོང(ཆུས་དང་གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་གིས་གཞུང་ལམ་དོ་དམ་གྱི་བྱེད་པོའི་འགན་འཁྲི་ལག་ལེན་བསྟར་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་པ་རེད།

    དུས་མཚུངས་སུ་ལམ་ལས་ཀྱི་སྐོར་ཞིབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁྲིམས་འགལ་ངང་ཚད་གཞི་ལས་བརྒལ་བའི་སྐྱེལ་འདྲེན་དང་། གྲོང་གསེབ་ཀྱི་གཞུང་ལམ་དང་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་ལ་གཏོར་བཤིག་དང་གནོད་འཚེ་གཏོང་བའི་བྱེད་སྤྱོད་སྣ་ཚོགས་ལ་དོགས་ཟོན་དང་། བཀག་སྡོམ། ཞིབ་བཤེར་ཐག་གཅོད་བཅས་མཐའ་གཅིག་ཏུ་བྱས་ནས་ལམ་གཞུང་རྒྱུ་ནོར་དང་ལམ་དབང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་1910བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་གཉིས་པའི་ཟོག་འདྲེན་ས་ཚིགས་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་3262བཏང་ནས་རྫ་ཡུལ་དང་། མེ་ཏོག སྤོ་བོ། ཀོང་པོ་རྒྱ་མདའ་བཅས་རྫོང་རིམ་པའི་འགྲུལ་སྐྱེལ་ས་ཚིགས་4བསྐྲུན་ཞིང་། མ་དངུལ་སྒོར་ཁྲི་591བཏང་ནས་ཤང་གྲོང་གི་ཕྱོགས་བསྡུས་སྐྱེལ་འདྲེན་ཞབས་ཞུའི་ས་ཚིགས་29བསྐྲུན་ཏེ། ཞིང་འབྲོག་མང་ཚོགས་ལ་སྐྱིད་སྣང་དོད་ཅིང་སྟབས་བདེ་བའི་རླངས་འཁོར་སྒུག་སའི་ཁོར་ཡུག་མཁོ་འདོན་བྱས་ཡོད། མིག་སྔར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་འཆར་འགོད་ལག་ལེན་བསྟར་བའི་ཤང་གྲོང་ཕྱོགས་བསྡུས་སྐྱེལ་འདྲེན་ཞབས་ཞུའི་ས་ཚིགས་10བསྐྲུན་པར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་གྲོང་ཁྱེར་ཡོངས་ཀྱི་འགྲུལ་ཟོག་སྐྱེལ་འདྲེན་གྱི་རྨང་གཞིའི་མ་ལག་གི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད།

    2024ལོར་ཀོང་པོ་རྒྱ་མདའ་རྫོང་སྔོན་གཏོད་འགྲུལ་སྐྱེལ་ཀུང་སི་དང་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ཡན་ལག་ཀུང་སི་མཉམ་ལས་བྱས་ཤིང་། ཀོང་པོ་རྒྱ་མདའ་རྫོང་གི་རྫོང་གྲོང་ནས་སྤྱི་མདའ་གྲོང་རྡལ་བར་གྱི་རྒྱ་མདའ་ཤང་བརྒྱུད་པའི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་ལ“འགྲིམ་འགྲུལ་དང་སྦྲག་སྲིད་མཉམ་འདྲེས”ཀྱི་ཚོད་ལྟའི་ལས་དོན་སྤེལ་ཞིང་། ཤང་གྲོང་གི་བསྐུར་དངོས“ཉིན་དེར་འབྱོར་ན་ཕྱི་ཉིན་སྐྱེལ་བ”ནས“ཉིན་དེར་འབྱོར་ན་ཉིན་དེར་སྐྱེལ་བའི”བར་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། རིམ་རྩིས་བརྒྱབ་ན། བསྐུར་མ་ཁྲི་10ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁེ་ལས་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་འཕར་སྣོན་བྱུང་བ་རེད།

    ལོ་བཅུ་ལྷག་ཙམ་རིང་འབད་འབུངས་མདུན་སྐྱོད་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2018ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་སྣང་རྫོང་དེ་ཉིད་རྒྱལ་ཡོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུའི”དཔེ་སྟོན་རྫོང་བཏོད་ནས། ལྗོངས་ཡོངས་ཀྱི་གཟི་བརྗིད་མཚན་སྙན་ཐོག་མ་ཐོབ་པ་དང་། 2024ལོར་བྲག་ཡིབ་ཆུས་དང་ཀོང་པོ་རྒྱ་མདའ་རྫོང་བོད་རང་སྐྱོང་ལྗོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུའི”དཔེ་སྟོན་རྫོང་ལ་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།