དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གཏིང་སྐྱེས་རྫོང་གཟར་ཤང་གིས་གཡུལ་ས་སྟོབས་ཆེར་གཏོང་བ་དང་སྤུས་རྟགས་བཏོད་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-15

    འདི་ནི་གཟར་ཤང་གིས“དང་བླངས་དམར”ཞེས་པའི“གཅེས་སེམས་ཚལ་འདེབས”ཀྱི་བྱེད་སྒོ་སྤེལ་བཞིན་པ།

    འདི་ནི་དང་བླངས་པས་གཟར་ཤང་གི་ཞིང་པར་སྟོན་ཐོག་བསྡུ་རོགས་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གཟར་ཤང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)ལས་སྟེགས་དང་། རྣམ་གྲངས་འཛུགས་སྐྲུན་འགག་རྩར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་། གཟར་ཤང་གིས་ལས་སྟེགས་ཀྱི་གཞི་རྟེན་ནུས་ཤུགས་ཡོད་རྒུས་ཡག་པོ་སྤྱོད་པ་དང་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་འཛུགས་ཀྱི་སྒྲོམ་གཞི་དང་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ལག་ལེན་ཁང་གིས་ལག་ལེན་ས་ཚིགས་ལ་སྦྲེལ་མཐུད་བྱས་ནས་སྣེ་ཁྲིད་དེ་ཚད་གཞི་འཛུགས་པ་དང་། ལག་ལེན་ས་ཚིགས་ཀྱིས་ཏང་ཡོན་དང་སྦྲེལ་མཐུད་བྱས་ནས་སྣེ་ཁྲིད་དེ་མིག་དཔེ་འདོན་པ། ཏང་ཡོན་གྱིས་མང་ཚོགས་དང་སྦྲེལ་མཐུད་བྱས་ནས་སྣེ་ཁྲིད་དེ་གདོང་ལེན་པ་བྱེད་པ་བཅས་ཀྱི“སྦྲེལ་མཐུད་གསུམ་དང་སྣེ་ཁྲིད་གསུམ”གྱི་ལག་ལེན་དྲ་བ་འཚོལ་ཞིབ་དང་གསར་གཏོད་བྱས་ཡོད། གཟར་ཤང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཁོར་རྒྱ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས། ཞིང་པའི་དཔེ་དེབ་ཁང་། མི་སེར་གྱི་སློབ་ཁང་། འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན་ས་ཚིགས། མི་རིགས་མཐུན་སྒྲིལ་གྱི་སྲང་ལམ་གཅིག དང་བླངས་པའི་ཁྱིམ་གཞིས། གཅིག་འཐུས་རྣམ་པའི་འགལ་ཟླ་འདུམ་འགྲིག་ལྟེ་གནས། ཏང་ཡོན་གྱི་ཉེན་ཟོན་སློབ་གསོ་ཁང་། མེ་ཟོན་ས་ཚིགས་ཆུང་གྲས། ལུས་སྦྱོང་བྱེད་སྒོ་ཁང་། དམངས་ཡོངས་ཀྱི་ལུས་སྦྱོང་ཐང་ཆེན། དམངས་ཕན་ཞབས་ཞུའི་ཚོམས་ཆེན། “སེ་འབྲུའི་ས་ཚིགས”སོགས་ཀྱི་གཡུལ་ས་ཚགས་དམ་དུ་བཏང་སྟེ་སློབ་སྦྱོང་གསོ་སྦྱོང་དང་། ཆེད་དོན་འཆད་ཁྲིད། རིག་གནས་ཁྱབ་གདལ། སྤྲོ་གསེང་རོལ་རྩེད། དམངས་ཕན་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)10བསྐྲུན་ནས། “གཡུལ་ས་མཉམ་སྐྲུན་དང་། བྱེད་སྒོ་མཉམ་སྤེལ། དཔུང་ཁག་མཉམ་གཏོད”བཅས་ཀྱི་ཤེས་དཔལ་ལག་ལེན་གྱི་ཕྱོགས་བསྡུས་སྒྲིག་གཞི་འཛུགས་སྐྱོང་ལ་གོ་རིམ་ལྡན་པའི་སྐུལ་འདེད་བཏང་ཡོད། རྒྱལ་ལམ་དང་ཐག་ཉེ་བའི་འགྲིམ་འགྲུལ་གྱི་ལེགས་ཆར་གཞི་ཚུགས་ནས“སེ་འབྲུའི་ས་ཚིགས”གཏོད་རྒྱུ་དེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཞབས་ཞུ་ཁང(ས་ཚིགས)བསྐྲུན་རྒྱུ་དང་ཟུང་འབྲེལ་བྱས་ཏེ། འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་དང་མང་ཚོགས་ལ་རིགས་15ཡི་སྤྱི་ཕན་ཞབས་ཞུའི་རྣམ་གྲངས་25མཁོ་འདོན་བྱས་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་ས་དེ“དྲོ་སྐྱིད་ལྡན་པའི་ཁྱིམ་ཚང”ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱས་པ་རེད།

    གཟར་ཤང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་སར་བརྟེན་ནས་ཏང་ཨུད་དང་། སྒྲིག་ཨུད། མཐའ་མཚམས་མངགས་གཏོང་ཁང་བཅས་དང་མཉམ་དུ“གནད་ལ་འཁེལ་བ་གསུམ་དང་ཡོངས་བསྒྲགས་གསུམ”སྟེ། དུས་བབ་སྒྲོག་འགྲེལ་གནད་ལ་འཁེལ་བ་དང་། སྲིད་ཇུས་སྒྲོག་འགྲེལ་གནད་ལ་འཁེལ་བ། བཅའ་ཁྲིམས་དང་སྒྲིག་ཁྲིམས་སྒྲོག་འགྲེལ་གནད་ལ་འཁེལ་བ། ཏང་དོན་ཡོངས་བསྒྲགས་དང་། གྲོང་དོན་ཡོངས་བསྒྲགས། ནོར་དོན་ཡོངས་བསྒྲགས་བཅས་ཀྱི་བྱེད་སྒོ་སྤེལ་ནས། དང་བླངས་པ་སྒྲིག་འཛུགས་ཀྱིས་གྲོང་ཚོ་དང་གྲོང་ལྷན་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། གྲོས་འགོ་དང་བསམ་འདུན་ཉན་པ། དགོས་མཁོ་གཞིར་བཟུང་ཐབས་ཇུས་ལག་ལེན་བསྟར་བ། གནད་དོན་དངོས་ཤེས་རྟོགས་ཀྱིས་ཐག་གཅོད་བཅས་བྱས་ཤིང་། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་3000ལྷག་ཙམ་ལ་འཚམས་འདྲི་བྱས་པ་དང་། ཞབས་འདེགས་ཞུ་ཡུན་ཆུ་ཚོད་2000ལྷག་ཙམ་ཟིན་པ། དཀའ་ངལ་དངོས་400ལྷག་ཙམ་ཐག་གཅོད་བྱས་པ་རེད།

    དང་བླངས་ཞབས་ཞུ་དང་དྲིལ་བསྒྲགས་སྒྲོག་འགྲེལ་ལས་དོན་ཟུང་འབྲེལ་བྱས་པ། རྒྱལ་གཅེས་མཐའ་སྲུང་དང་། མི་རིགས་མཐུན་སྒྲིལ། ཀུན་སྤྱོད་དཔེ་བཟང་བ། མིག་དཔེའི་མི་སྣ་བཅས་ཀྱི་སྔོན་ཐོན་བྱས་རྗེས་སོགས་ཀྱི་ནང་དོན་ལ་དམིགས་ནས་གསར་བརྗེའི་སྒྲོག་འགྲེལ་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ། གོ་བདེ་བའི་སྐད་ཆའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་ལག་བསྟར་དང་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་ཟུང་འབྲེལ་དམ་ཟབ་ཀྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ། གསར་བརྗེའི་སློབ་གསོ་དེ་མི་སེར་དཀྱུས་མའི་ཁྱིམ་ཚང་དུ་ཁྱབ་པར་བྱས་པ་རེད།

    དང་བླངས་ཞབས་ཞུ་དང་སེམས་ཁུར་བྱམས་སྐྱོང་གི་ལས་དོན་ཟུང་འབྲེལ་བྱས་པ། དང་བླངས་ཞབས་ཞུའི་གཞི་རྟེན་གང་ལེགས་སྤྱད་དེ“ཚང་སྟོང་རྒན་རྒོན་ལ་སེམས་ཁུར་དང་། གཞིས་ལུས་བྱིས་པར་གཅེས་སྐྱོང་། ཕྱིར་སྐྱོད་གླ་པར་སེམས་ཁུར། དབང་པོ་སྐྱོན་ཅན་ལ་བྱམས་སྐྱོང་། དཀའ་ངལ་ཡོད་པའི་བུད་མེད་ལ་སེམས་ཁུར”བཅས་ཀྱི་འདུ་འགོད་སྔར་བས་ལག་ལེན་གཏིང་ཟབ་བསྟར་ཏེ། ཁོངས་གཏོགས་ཁུལ་དུ་དྲང་ནུས་བརྒྱུད་བསྒྲགས་རྒྱ་ཁྱབ་བྱས་ནས་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།