ས་ཞིང་གཤིན་པོར་ཉམས་འགྱུར་གསར་པ་མངོན་པ།
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ན་ནིང་གི་ལོ་སྟོད་དུ་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་མེ་ཏོག་རྫོང(ཧྥོ་ཧྲན)ལས་དོན་ཚོགས་ཆུང་གིས་མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར“འབྲས་འདེབས་ཉ་གསོའི”དཔེ་སྟོན་ཞིང་ཁ་མུའུ་10ཚོད་ལྟ་བྱས་པ་ལེགས་གྲུབ་བྱུང་ནས་ལོ་འགོར་གློད་པའི་ཉ་ཕྲུག་ཁྲི་2ཟླ་བ་བདུན་རིང་གསོ་ཚགས་ཞིབ་ཚགས་བྱས་པ་བརྒྱུད། མིག་སྔར་ཉའི་རིང་ཚད་ཆ་སྙོམས་ལི་སྨི་15ཡན་ཟིན་པ་དང་ཉ་རེའི་ལྗིད་ཚད་ཁེ་200ཡན་ཟིན་ཡོད་པ་རེད།
བདེ་ཞིང་གྲོང་ཚོའི“འབྲས་འདེབས་ཉ་གསོའི”ཐོན་སྐྱེད་བྱེད་སྟངས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ནི་མེ་ཏོག་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། ན་ནིང་ནས་བཟུང་། མེ་ཏོག་རྫོང་གིས“རི་ཆུའི་རྣམ་པ་མངོན་པའི”ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། སྐྱེ་ཁམས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་སྐྱེ་ཁམས་ཀྱི་ཁེ་ཕན་དེ་བས་མང་བ་བཏོད་དེ་ཁྱད་ལྡན་ཐོན་ལས་དང་པོ་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་ཐོན་ལས་གསུམ་པ་ལེགས་སུ་གཏོང་བ་དང་གསོན་ཤུགས་འཕེལ་བར་བྱས་ནས། ཐོན་ལས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་རེད།
མེ་ཏོག་རྫོང་གིས་ཡུལ་བབ་དང་བསྟུན་པ་དང་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་ཇ་ལོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། མེ་ཏོག་གིས་ཇ་ལོའི་ཁེ་ལས་6གདན་དྲངས་པའི་ནང་ཁེ་ལས་5ལ་SCཡི་བདེན་དཔང་ར་སྤྲོད་ཐོབ་པ་དང་ལྗོངས་ཡོངས་ཀྱི་5Gཡི་རང་འགུལ་རིག་ནུས་ཇ་ལོའི་ལས་སྣོན་ཐོན་སྐྱེད་ལས་རིམ་ཐོག་མ་སྤྱོད་འགོ་ཚུགས་ནས་ཉིན་རེར་ཇ་ལོ་རྒྱ་མ་ཁྲི་5ལས་སྣོན་བྱས་པ་དང་།“མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁྱེར·སྦས་ཡུལ་པད་མ་བཀོད”ཁང་ཀྲུང་གོའི(དབྱི་ཝུའུ)“རྫོང་བརྒྱ་ཡི་ཐོན་རྫས་ཁྲིའི”ཞིང་རོགས་འགྲེམས་ཚོང་ལྟེ་གནས་སུ་བདེ་བླག་ངང་བཅའ་སྡོད་བྱས་པ་དང་། ཧི་མ་ལ་ཡའི་ལྷད་མེད་ཀྱི་ཇ་ལོ“རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་རྒྱལ་ཁབ་ཀྱི་ཕྱག་རྟགས་སྤུས་རྟགས”ལ་བདམས་པ་རེད། གནམ་གཤིས་ཆ་རྐྱེན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་ཞིབ་ཕྲ་བྱས་པ་བརྒྱུད། མེ་ཏོག་གིས་ཇ་ལོ་དང་ཤིང་འབྲས་འདེབས་འཛུགས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་འཚོལ་ཞིབ་བྱས་ཏེ་ཇ་ལོ་དང་ཤིང་འབྲས་མུའུ་4500ལྷག་ཙམ་འདེབས་འཛུགས་བྱས་པ་མ་ཟད། ནུས་རྒྱུ་གསར་པའི་རིག་ནུས་འདེབས་འཛུགས་ལག་རྩལ་གྱི་དཔེ་སྟོན་རྟེན་གཞི་མུའུ་57ཡང་བཙུགས་ཡོད་པ་རེད།
དེ་དང་ཆབས་ཅིག་མེ་ཏོག་རྫོང་གིས་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཆེས་བྲིན་ཚོགས་པ་དང་ཧྥུའུ་ཅན་ཞིང་ནགས་སློབ་ཆེན་དབར་མཉམ་ལས་གཏིང་ཟབ་བྱས་ཏེ“ཚན་ཞིབ་དང་། ཁེ་ལས། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་མང་ཚོགས་ལ་ཀོ་ཤ་དཀར་པོ་དང་ཅིན་ཁྲའེ་པུ་ཤེལ་ཙེ་སོགས་ནགས་ཁྲོད་ཐོན་ཁུངས་མུའུ་542.93འདེབས་རྒྱུར་ཁྲིད་སྟོན་བྱས་ཏེ་འབྲེལ་ཡོད་ཐོན་རྫས་སྣ་ཁ་5ཞིབ་སྤེལ་བྱས་པ་རེད། སྣ་མའི་མེ་ཏོག་ཐོན་ལས་ཅན་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཁྱད་ལྡན་སྣ་མའི་མེ་ཏོག་ཐོན་ལས་ཀྱི་ཚད་ལྡན་ཅན་རིག་ནུས་འདེབས་གསོའི་འཛུགས་སྐྲུན་རྣམ་གྲངས་དང་སྡོང་ཕྲུག་ར་བའི་རྟེན་གཞིའི་སྒྱུར་བཀོད་དང་མཐོར་གཏོང་རྣམ་གྲངས་ལེགས་གྲུབ་བྱུང་སྟེ། གསེར་སྐུད་སྣ་མའི་མེ་ཏོག་ཁྲི་40.4དང་པུ་ཤེལ་ཙེ་ཁྲི་48.85འདེབས་འཛུགས་བྱས་པ་རེད།