དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • རྫ་ཡུལ་རོང་སྨད་གྲོང་རྡལ་ཀོང་ཐང་གྲོང་ཚོས།

    གྲོང་ཚོ་ཡོངས་ཀྱི་དུད་ཚང་64ལ་ཁེ་སྤོགས་སྒོར་ཁྲི་18.6བགོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-04

    ཉེ་ཆར། རྫ་ཡུལ་རོང་སྨད་གྲོང་རྡལ་ཀོང་ཐང་གྲོང་ཚོས་ཡུལ་མིའི་ཚོགས་ཆེན་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་ནས། གྲོང་ཚོ་ཡོངས་ཀྱི་དུད་ཚང་64ལ་ཁེ་སྤོགས་ཁྱོན་སྒོར་ཁྲི་18.6བགོས་པ་རེད།

    2023ལོའི་ཟླ་3པར། “གྲོང་ཚོའི་མཉམ་སྡེབ་དང་། རྟེན་གཞི། ཁེ་ལས་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་བརྒྱུད་མུའུ་35ཟིན་པའི་ཁམ་སེར་རྟེན་གཞི་ཡོངས་བོད་ལྗོངས་ལི་ལུང་ཞིང་ལས་ཚད་ཡོད་ཀུང་སིར་བོགས་མར་བཏང་སྟེ་ཁམ་སེར་ཐོན་ལས་འཕེལ་རྒྱས་བཏང་བས། ཁམ་སེར་སྐྱེ་ཚུལ་བཟང་བ་དང་ཕན་འབྲས་ཡག་པོ་ཐོན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་འཕར་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

    ཐོན་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་ཆེད། ཀོང་ཐང་གྲོང་ཚོས་ཡུལ་མིའི་ཚོགས་ཆེན་འཚོགས་ནས། བོད་ལྗོངས་ལི་ལུང་ཞིང་ལས་ཚད་ཡོད་ཀུང་སིས་སྤྲད་པའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་27ནས་སྒོར་ཁྲི་18.6བཏོན་ཏེ་ཁེ་སྤོགས་བགོ་བཤའ་བརྒྱབ་ནས། མང་ཚོགས་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཕྱིན་པ་ལས་བྱུང་བའི་ཁེ་སྤོགས་ཚོར་བ་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ལ་ཞུགས་པའི་མང་ཚོགས་ཀྱི་ཧུར་སེམས་གང་ལེགས་འཕེལ་བ་བྱེད་རྒྱུའི་ཞིབ་འཇུག་དང་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།