རྣམ་གླིང་རྫོང་གིས་ཚབ་གཉེར་ཞབས་ཞུ་བསྒྲུབས་ནས་ཞིང་ལས་ཕན་ཆེ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བ།
ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་ཞིང་ལས་ཚབ་གཉེར་ཞབས་ཞུར་བརྟེན་ནས་ཞིང་ལས་སྤུས་འབྲས་ལེགས་གཉེར་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གླིང་རྫོང་གིས་ཤང་དང་གྲོང་རྡལ་ཁག་གི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་དང་དེ་བཞིན་ཞིང་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས། འདེབས་འཛུགས་འགོག་བསྡུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཚབ་གཉེར་གྱི་བུ་རྫི་རྣམ་པའི་ཞབས་ཞུ་ཁྱབ་གདལ་བཏང་བས། ཨེ་མ་དང་མཁར་རྩེ་སོགས་ཤང་དང་གྲོང་རྡལ་15ཡི་ནས་དང་། ཞོག་ཁོག མ་རྨོས་ལོ་ཏོག་བཅས་དང་དེ་བཞིན་གཟན་རྩྭ་འདེབས་འཛུགས་སོགས་གཅིག་སྡུད་ཡུག་སྦྲེལ་ཁུལ་དུ་བརྔ་བསྡུའི་ལས་དོན་སྤེལ་ནས“ཞིང་ཁ་ཆུང་ངུ་ཞིང་ཁ་ཆེན་པོར་བསྒྱུར་བའི”ཞིང་ལས་འཕེལ་རྒྱས་ཀྱི་ལོ་ལེགས་ཀྱི་རྣམ་པ་གསར་པ་ཐོན་ཡོད། མིག་སྔའི་བར་རྣམ་གླིང་རྫོང་ཞིང་ལས་དང་ཐོན་སྐྱེད་སྤྱི་ཚོགས་ཞབས་ཞུའི་ཚབ་གཉེར་གྱི་རྒྱ་ཁྱོན་མུའུ་8594ཟིན་པ་ལས་མུའུ་2500དང་། ཞོག་ཁོག་མུའུ་2094 གཟན་རྩྭ་མུའུ་4000བཅས་ཟིན་ནས་རྫོང་དེ་ཡོངས་ཀྱི་སྟོན་བསྡུའི་ལས་དོན་སྤྱིར་ན་ལེགས་གྲུབ་བྱུང་་སྟེ་འབྲུ་རིགས་བདེ་འཇགས་དང་ཞིང་འབྲོག་པར་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།