དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་མཆོག་གིས་བརྗོད་དོན།

    “ངས་ལས་ཀ་ཡག་པོ་བྱས་ནས་མང་ཚོགས་ཀྱི་ཡིད་ཆེས་ཆུད་ཟོས་སུ་གཏོང་གི་མིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-04

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཆུ་འཁོར་གྲོང་ཚོར་ཏང་ཡོན་དང་མང་ཚོགས་ཚོས་མི་ཞིག་ལ་མཛའ་ཞིང་བརྩེ་བའི་ངང“ཀུན་ནུས་ཧྲུའུ་ཅི”ཞེས་འབོད་ཀྱི་ཡོད། ཁོང་ནི་ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་མཆོག་རེད།

    པ་སངས་མཆོག་གིས་1999ལོ་ནས་བཟུང་ཆུ་འཁོར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་བ་དང་2021ལོར་སྐབས་བརྗེའི་སྐབས་ཁོང་གིས་ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་བསྐྱར་དུ་ཁུར། ལོ་24ཡི་རིང་ཁོང་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་དེ་རྣམ་གྲངས་དང་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་པས། མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་དར་དམངས་ཕྱུག་དང་ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་མངོན་འགྱུར་ཡོང་ཐབས་བྱས་པ། ཉིང་ཁྲི་གྲོང་རྡལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཁག་དང་པོ་དང་། དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ། མཛེས་སྡུག་གི་སྡོད་མལ་ལ་འཚམ་པའི་གྲོང་གསེབ་བཅས་སྔ་རྗེས་སུ་བཏོད་ཐུབ་པ་རེད།

    ལས་འགན་འཁུར་མ་ཐག་པའི་སྐབས་སུ་པ་སངས་མཆོག་གིས་གྲོང་ཚོའི་ཐོན་ལས་རྗེས་ལུས་དང་། འཐུང་ཆུ་སྟབས་མི་བདེ་བ། སྒྲིག་བཀོད་རྙིང་ཧྲུལ་སོགས་ཀྱི་གནད་དོན་རབ་དང་རིམ་པར་འགྱུར་ལྡོག་གཏོང་རྒྱུའི་སེམས་ཐག་བཅད། ཁོང་གིས་རང་འགུལ་ངང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། སྙིང་སྟོབས་ཆེར་སྐྱེད། དཀའ་སྤྱད་དངོས་སྒྲུབ་བཅས་བྱེད་དགོས་ལུགས་བཏོན་པ་དང་། ཏང་ཡོན་ཡོངས་ལ་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་རྣམ་པ་འགྱུར་ལྡོག་གཏོང་བའི་བློ་ཐག་གཅོད་པ། སྔོན་བརྩོན་གནས་བརྩོན་བཅས་བྱས་ནས་གྲོང་དར་དམངས་ཕྱུག་དང་། འབབ་འཕར་ཕྱུག་འགྱུར། ཐུན་མོང་ཕྱུག་འགྱུར་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།

    2021ལོར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་མཆོག་ཏང་ཡོན་ཡོངས་ཀྱིས་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད། གོ་གནས་ལ་འགྱུར་བ་བྱུང་རུང་ཞིབ་ཕྲའི་ལས་ཀར་དམ་འཛིན་བྱེད་པ་ནས་ཏང་གི་ལས་དོན་དམ་འཛིན་བྱེད་པའི་བར་ལ་འགྱུར་ལྡོག་བྱུང་མེད་ཅིང་། ཁོང་གིས“མང་ཚོགས་ཀྱིས་ང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པས་ངས་ལས་ཀ་ཡག་པོ་བྱས་ནས་མང་ཚོགས་ཀྱི་ཡིད་ཆེས་ཆུད་ཟོས་སུ་གཏོང་གི་མིན། ལོ་ན་རྒས་པས་ཧ་མ་གོ་བ་ཡོད་ཀྱང་ངས་སློབ་སྦྱོང་བྱེད་ཆོག”ཅེས་རྟག་ཏུ་བརྗོད་ཀྱི་ཡོད།

    ཆུ་འཁོར་གྲོང་ཚོའི་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁུར་བ་དང་པོ་ཡིན་པའི་པ་སངས་མཆོག་གིས་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཧུར་ཐག་འཁུར་ཞིང་། 2022ལོར“ཀུན་གསལ་ཏང་སྐྱོང”གི་སྤུས་རྟགས་འཚོལ་ཞིབ་བྱས་ནས་བཏོད་དེ་ཁ་གསལ་གཏིང་གསལ་གྱི་སྐད་ཆ་ཤོད་པ་དང་། ཁ་གསལ་གཏིང་གསལ་གྱི་མི་ཞིག་བྱེད་པ། ཁ་གསལ་གཏིང་གསལ་གྱི་བྱ་བ་བསྒྲུབ་པ་བཅས་ཁྱབ་གདལ་བཏང་སྟེ། ནུས་པར་བརྟེན་ནས་གྲོང་ཚོ་བཅོས་སྐྱོང་གིས་ཀུན་གསལ་དཔུང་ཁག་གཏོད་པ་དང་། གཡུལ་ས་སྟོབས་ཆེར་བཏང་ནས་ཀུན་གསལ་ཁོར་ཡུག་གཏོད་པ། གྲོང་ཚོ་དང་ཁེ་ལས་ཀྱིས་མཉམ་སྐྲུན་བྱས་ནས་ཀུན་གསལ་ཐོན་ལས་གཏོད་པ། བརྒྱུད་རིམ་ཧྲིལ་པོ་སྒྲུབ་རོགས་བྱས་ནས་ཀུན་གསལ་ཞབས་འདེགས་ཞུ་བ། འཁོར་སྐྱོད་ཚད་ལྡན་དུ་བཏང་ནས་ཀུན་གསལ་ཐབས་ཇུས་བཟོ་བ། དམངས་གཙོས་ལྟ་སྐུལ་བྱས་ནས་ཀུན་གསལ་གྲོང་དོན་གཏོད་པ་བཅས་ནང་དོན་གཙོ་བོར་བྱས་པའི“ཀུན་གསལ་ཏང་འཛུགས་སྐྱོང”འདུ་འགོད་ཀྱི“ཀུན་གསལ་ལས་དོན་སྒྲུབ་སྟངས”ལག་བསྟར་ཤུགས་ཆེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།