དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • ནག་ཆུས་དཀར་ཆུའི་ཐོན་ལས་ལ་བརྟེན་ནས་འབྲོག་པའི་འབབ་འཕར་དང་ལས་ཞུགས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    འདི་ནི་ཟླ་11ཚེས་28ཉིན་རྟེན་གཞིའི་ལས་དོན་པས་འཕྲུལ་ཆས་ལ་བརྟེན་ནས་འོ་མ་སོས་པའི་ནད་འབུ་གསོད་བཞིན་པ།

    འདི་ནི་ཟླ་11ཚེས་28ཉིན་འབྲོག་པ་ཚེ་རིང་དོན་གྲུབ་ཀྱིས་འོ་མ་བསྡུ་ལེན་ས་ཚིགས་སུ་འོ་མ་དབོར་བཞིན་པ།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གྱི་ཚོགས་ཆུང་གཉིས་པའི་ཡུལ་མི་ཚེ་རིང་དོན་གྲུབ་ཀྱིས་ཟོག་འདྲེན་རླངས་འཁོར་བཏང་སྟེ། ཉིན་མ་གནངས་འཆར་དུ་རང་ཁྱིམ་གྱི་འབྲིའི་འོ་མ་སོས་པ་སྤྱི་ལེ་10ལྷག་ཙམ་གྱི་སར་ཡོད་པའི་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིའི་འོ་མ་བསྡུ་ལེན་ས་ཚིགས་སུ་ཐེངས་རེ་སྐྱེལ་གྱི་ཡོད། འབྲིའི་འོ་མ་དག་དེ་གར་དུག་སེལ་དང་ལས་སྣོན་བྱས་པ་བརྒྱུད་འོ་མ་སོས་པ་དང་། མར། ལ་ལ། ཞོ། ཕྱུར་བ་སོགས་རིགས་མི་འདྲ་བར་གྱུར་ནས་ནག་ཆུ་གྲོང་ཁུལ་དང་། ལྷ་ས། ཐ་ན་ཁྲེང་ཏུའུ་བཅས་ཀྱི་ཁྲོམ་རར་འཚོང་གི་ཡོད། མིག་སྔར་ནག་ཆུར་འབྲོག་པ་5000ལྷག་ཙམ་ལ་དགའ་བདེའི་ཐོན་ལས་འཁོར་འབྲེལ་ནས་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།