མཚོ་ཆེན་གྱི་ར་ཁུལ་སྨུག་པོའི་ཐོན་ལས་ཀྱིས་འབྲོག་པར་ཡོང་འབབ་འཕར་བ།
མཚོ་ཆེན་གྱི་ར་ཁུལ་སྨུག་པོ་ཞེས་པ་ནི་བོད་ཀྱི་མངའ་རིས་ས་ཁུལ་གྱི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོ་འགོད་བྱས་པའི་ཞིང་ལས་ཐོན་རྫས་ཁག་དང་པོ་ཡིན། ལོ་མང་པོའི་རིང་། མཚོ་ཆེན་རྫོང་གིས་ར་ཁུལ་སྨུག་པོའི་རྒྱུད་བཟང་ར་བར་བརྟེན་ནས་ར་ཁུལ་སྨུག་པོའི་རྒྱུད་བཟང་འདེམས་གསོ་དང་ཁྱབ་གདལ་ཤུགས་ཆེན་བཏང་བས། ར་ཁུལ་སྨུག་པོའི་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་མངོན་ཁར་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་སོང་ཡོད། མིག་སྔར། མཚོ་ཆེན་རྫོང་ལ་རའི་རྒྱུད་བཟང་གི་དཔེ་སྟོན་གྲོང་ཚོ་5དང་ར་ཁུལ་སྨུག་པོའི་དཔེ་སྟོན་དུད་ཁྱིམ་816ལ་ར་ཁུལ་སྨུག་པོའི་རྒྱུད་བཟང་གི་གྲངས་འབོར་ཁྲི་13.11ཡོད་པ་རེད།
མཚོ་ཆེན་རྫོང་གི་ཚོང་པས་རའི་ཁུ་ལུ་སྤྱད་ནས་བཏགས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འཁོད་པའི་ཁ་བཏགས་སྟོན་བཞིན་པ།
མཚོ་ཆེན་རྫོང་གི་ར་ཁུལ་སྨུག་པོའི་རྒྱུད་བཟང་ར་བའི་འབྲོག་མོ་ཞིག་གིས་རྒྱུད་བཟང་ར་ཁྱུ་འཚོ་བཞིན་པ།
མཚོ་ཆེན་རྫོང་གི་ར་ཁུལ་སྨུག་པོའི་རྒྱུད་བཟང་ར་བའི་ར་ཐུག་ཡིན་པ།