དབུ་ཤོག>ཞིང་འབྲོག་གསར་པ།
  • མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་བྱེ་འགོག་བྱེ་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-25

    འདི་ནི་ལྗོན་ཤིང་གིས་བརྒྱན་པའི་མཚོ་ཆེན་རྫོང་གྲོང་གི་ཟུར་ཞིག་ཡིན་པ།

    ད་ཕན་ལོ་ཤས་རིང་། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གིས་སྐྱས་སྤོས་རྩྭ་གསོ་དང་། བྱེ་འགོག་བྱེ་བཅོས། བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ་སོགས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་བརྟེན། བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ཆེན་རྫོང་གི་བྱེ་འགོག་བྱེ་བཅོས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལས་གྲྭ་ནི་2017ལོར་འགོ་ཚུགས་ཤིང་། རི་རྒྱ་ནགས་གསོ་སྤྱི་ཆིང་666.67བྱས་པ་དང་ལྕགས་དྲ་སྨི་ཁྲི་1.32བསྐོར་བར། རིམ་རྩིས་བརྒྱབ་ན་སྒོར་ཁྲི་200བཏང་ཡོད་པ་དང་། མིག་སྔར་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཡོད།

    རྒྱལ་ཁབ་ས་ཆ་སྔོ་འགྱུར་ཐད། མཚོ་ཆེན་རྫོང་གིས་ཁྱོན་སྒོར་ཁྲི་446བཏང་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱ་ལྕང་དང་འོམ་བུ་ཤིང་སྡོང་རྐང་ཁྲི་1.69བཏབ་ཅིང་། སྐྱེ་ཁམས་སླར་གསོའི་ལས་དོན་ཐད་2020ལོ་ནས་བཟུང་ཁྱོན་སྒོར་ཁྲི་8816.86བཏང་བར། རིམ་རྩིས་བརྒྱབ་ན། སྐྱེ་ཁམས་སླར་གསོའི་རྒྱ་ཁྱོན་སྤྱི་ཆིང་27740.34ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།