འདམ་གཞུང་རྫོང་གིས་2024ལོའི་ལོ་སྟོད་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་ཕྱོགས་སྡོམ་དང་ལོ་སྨད་ཀྱི་འབབ་འཕར་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
ཉེ་ཆར་འདམ་གཞུང་རྫོང་གི་2024ལོའི་ལོ་སྟོད་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་ཕྱོགས་སྡོམ་དང་ལོ་སྨད་ཀྱི་འབབ་འཕར་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ“གྲོང་ཚོ་ཀུན་ཁྱབ”ཀྱི་ཚོགས་ཁང་དུ་འཚོགས་པ་རེད།
འདམ་གཞུང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་འདམ་གཞུང་རྫོང་གི་ལོ་སྟོད་ཀྱི་དཔལ་འབྱོར་འཕར་ཚད་དང་། བལྟོས་མེད་ཚད། འཕར་གྲངས། གྲུབ་ཆའི་འཕར་ཚད་སོགས་ཐད་དབྱེ་ཞིབ་དང་བརྡར་གཅོད་བྱས་རྗེས། ཞན་ཆ་སེལ་ནས་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་དང་ཤུགས་རྒྱག་ས་མ་ནོར་བར་བཙལ་ཏེ་དཀའ་ངལ་ལ་མ་འཛེམ་པ་དང་། འགག་སྒྲོལ་དཀའ་སེལ། ཞུམ་མེད་མདུན་སྐྱོད་བཅས་བྱེད་དགོས་པ་དང་། གྲངས་གཞི་དབྱེ་ཞིབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འབབ་འཕར་དང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་གཞན་སྒྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས། རྣམ་གྲངས་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། མངགས་ཐོ་དུད་འབྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་གཉེར་གྱི་ཡོང་འབབ་ཁེ་གཙང་མང་དུ་གཏོང་དགོས། དམངས་ཕན་མ་དངུལ་ལག་ལེན་བསྟར་ཚད་མགྱོགས་སུ་བཏང་ནས་གཞན་སྒྱུར་གྱི་ཡོང་འབབ་ཁེ་གཙང་མང་དུ་གཏོང་དགོས། ཐོན་ཁུངས་ཐོན་སྐྱེད་ཀྱི་རྐྱེན་གཙོ་ཕན་སྒྱུར་བྱས་ནས་རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་ཇེ་མང་དུ་གཏོང་དགོས། སློབ་གསོ་དང་ཁྲིད་སྟོན་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་བཏང་སྟེ། ལོ་ཧྲིལ་པོའི་ལས་འགན་དང་དམིགས་ཚད་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།