ཆབ་མདོ་གྲོང་ཁྱེར་གྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རམ་འདེགས་བྱས་པ།
འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ། “གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་དོན་འཁྱོལ་བྱས་པ། ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་ཏན་ཏིག་ཡག་པོ་བསྒྲུབས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བ་དང་། མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་བཅས་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ལས་བྱེད་པའི་གཙོ་གནད་ཚོགས་སྤྱིར་དོ་སྣང་ཆེན་པོ་བྱས་ཏེ། གཞི་རིམ་བཅོས་སྐྱོང་གཏིང་ཟབ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་དོན་གསོ་སྦྱོང་ཐེངས་110ལྷག་ཙམ་སྒྲིག་འཛུགས་བྱས་ནས། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་བྱང་ཚད་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སློབ་སྦྱོང་གི་ཕན་འབྲས་དེ་ལས་དོན་སྤེལ་བའི་བྱ་སྤྱོད་དངོས་སུ་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད།
ཤང་དང་གྲོང་རྡལ་ཏང་ཨུད་དང་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། ཆབ་མདོ་གྲོང་ཁྱེར་གྱིས“ཏང་འཛུགས་སྐྱོང་སྲ་བརྟན་ལོའི”འཐབ་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་གྱིས་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་འཛུགས་གཏོད་ལས་དོན་དམ་འཛིན་བྱ་གཞིར་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིའི”དཔེ་སྟོན་ས་ཚིགས་269དང“སྟོབས་ཆེན་གཉིས་དང་བཟང་པོ་དྲུག”གི་དཔེ་སྟོན་ས་ཚིགས་43བཏོད་པ་དང་། “ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”གྱི་ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་དཔེ་སྟོན་ས་ཚིགས་94གསར་དུ་བཏོད་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་1427བཙུགས་པའི་ནང་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལས་བརྒལ་བའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་343ཟིན་གྱི་ཡོད་པ་རེད།
ལས་འགན་ལྕི་པོ་འཁུར་ཐུབ་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམིགས་ནས་ཆབ་མདོ་གྲོང་ཁྱེར་གྱིས“ཞིང་གསུམ”ལས་དོན་ལ་རྒྱུས་མངའ་ཡོད་པའི་ཕུལ་བྱུང་ལས་བྱེད་པ་851རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་ལ་འདེམས་བསྐོ་བྱས་པ་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་19འདེམས་བསྐོ་བྱས་ནས་ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་དུ་བཅུག་པ། ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་བའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་ཁག་17བཏོན་ནས། ཕུལ་བྱུང་ལས་བྱེད་པ་421གནད་སྨིན་ངང་བདམས་ནས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་དུ་བཅུག་པ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་1151འདེམས་བསྐོ་བྱས་ནས་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཆེ་རུ་ནུས་ལྡན་བཏང་བ་རེད།