དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་མཉམ་འབྲེལ་དྲ་རྒྱའི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-13

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་མཉམ་འབྲེལ་དྲ་རྒྱའི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་དང་། ཁྱབ་སྤེལ་ཐབས་ལམ་རྒྱ་ཆེར་གཏོང་བ། མཉམ་འགུལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དྲ་ཐོག་ནས་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་། མང་ཚོགས་ལ་སེམས་ཁུར་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།

    འཕྱོངས་རྒྱས་རྫོང་གིས“རིག་གནས་དངུལ་ཁང”གི་དྲ་ཐོག་བྱ་རིམ་ཆུང་ངུར་བརྟེན་ནས“མང་ཚོགས་ཀྱིས་དྲ་ཐོག་ནས་མངགས་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་བཀོད་གཏོང་བྱེད་པ། དང་བླངས་ཞབས་ཞུའི་རུ་ཁག་གིས་དྲ་ཕྱིར་དང་ལེན་བྱེད་པ། མང་ཚོགས་ཀྱིས་གདེང་འཇོག་བྱེད་པ”བཅས་ཀྱི་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་གཉེར་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་དང་གསར་སྤེལ་ཧུར་ཐག་བྱས་ཡོད། ཞིང་འབྲོག་མང་ཚོགས་ཀྱིས་བྱ་རིམ་ཆུང་ངུ་བརྒྱུད་དེ་རང་ཉིད་ཀྱི་དགོས་མཁོ་ལས་སྟེགས་ཐོག་བསྐུར་རྗེས་རྒྱབ་ཕྱོགས་དོ་དམ་པས་འཕྲལ་མར་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་སྒོ་རྩར་ཞབས་འདེགས་ཞུ་གི་ཡོད། མིག་སྔའི་བར་འཕྱོངས་རྒྱས་རྫོང་གིས“རིག་གནས་དངུལ་ཁང”གི་དྲ་ཐོག་བྱ་རིམ་ཆུང་ངུ་བརྒྱུད། རིམ་རྩིས་བྱས་ན་མང་ཚོགས་ཀྱི་དགོས་མཁོ་ཁག་90ཐག་གཅོད་བྱས་པ་དང་ཞུ་གཏུག་བསམ་འཆར་ཁག་25བདག་སྤྲོད་བྱས་ཡོད། མཉམ་འབྲེལ་དྲ་རྒྱའི་རྣམ་པའི་གནད་དོན་ཐག་གཅོད་བྱེད་སྟངས་ལ་མང་ཚོགས་ཀྱིས་ཚད་མཐོའི་ཁས་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།