“ཚལ་ཞིང་ཆུང་ཆུང”ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཧུར་ཐག་བྱས་པ།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་བདེ་སྐྱིད་གླིང་གྲོང་ཚོས་ས་གནས་དེ་གའི་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་བེད་མེད་ཐོན་ཁུངས་ཕྱོགས་ཡོངས་ནས་བེད་སྤྱོད་བཏང་སྟེ། མང་ཚོགས་ལ་རང་ཁྱིམ་གྱི་རྒྱབ་མདུན་དུ་ཤི་ཀྭ་དང་ལ་ཕུག་སོགས་དཔལ་འབྱོར་ལོ་ཏོག་འདེབས་པར་ལྕག་སྐུལ་བྱས་ནས“ཤིང་འབྲས་ལྡུམ་ར་ཆུང་ཆུང”དང“ཚལ་ཞིང་ཆུང་ཆུང”ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཧུར་ཐག་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བདེ་སྐྱིད་གླིང་གྲོང་ཚོའི་སྒོ་རའི་དཔལ་འབྱོར་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་ཁྲི་180བཏང་བ་དང་བསྡོམས་མུའུ་56.08ལག་ལེན་བསྟར་བས་རྣམ་གྲངས་དེ་བདེ་སྐྱིད་གླིང་གྲོང་ཚོའི་དབུལ་སྒྲོལ་དུད་ཚང་146གི་མི་གྲངས་584ལ་ཁྱབ་ཡོད། རྣམ་གྲངས་དེ་ལག་བསྟར་བྱས་ཚུན། མི་ཐེངས་260ལས་གཏོད་ལས་ཞུགས་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། འདི་ནི་བདེ་སྐྱིད་གླིང་གྲོང་ཚོའི་ལས་དོན་མི་སྣས་སྔོ་ཚལ་གྱི་སྐྱེ་འཚར་ལ་ལྟ་བཞིན་པ།