དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མཚོ་སྨད་རྫོང་བཀྲ་ཤིས་གསུམ་མདོ་གྲོང་ཚོས་འབྲོག་ཁུལ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་གྲོང་ཚོའི་མཉམ་སྡེབ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས་པ།

    “འབྲོག་ལས་ཚབ་གཉེར”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-08

    “ད་ཆ་གྲོང་མིའི་ལུག་ཚང་མ་གྲོང་ཚོས་གཅིག་གྱུར་དོ་དམ་བྱེད་ཀྱི་ཡོད། ཕྱུགས་རྫི་ཞིག་ཡིན་པའི་ང་ལ་མཉམ་སྡེབ་དཔལ་འབྱོར་གྱི་ལོ་མཇུག་གི་བགོ་འགྲེམས་ལེན་རྒྱུ་ཡོད་ལ། ཟླ་རེར་གཏན་འཇགས་ཀྱི་གླ་ཆའང་ལེན་རྒྱུ་ཡོད་པས། རྦད་དེ་བློ་ཡིད་ཚིམ་སོང” ཟླ་7པར་སྔོ་ལྗང་གོས་བཟང་གིས་བཀླུབས་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོའི་འབྲོག་རར་དོན་གྲུབ་ཀྱིས་འུར་རྡོ་སྐོར་གྱིན་ནོར་ལུག་འཚོ་བཞིན་ཡོད།

    རྫོང་གྲོང་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པའི་སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོ་ནི་འབྲོག་ལས་གཙོ་བོར་བྱེད་པའི་ས་མ་འབྲོག་གི་ས་མཐོའི་གྲོང་ཚོ་ཞིག་རེད།

    གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྐུལ་འདེད་འོག ཉེ་བའི་ལོ་ཤས་རིང་བཀྲ་ཤིས་གསུམ་མདོ་གྲོང་ཚོའི་ཏང་ཀྲི་པུས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་ལེགས་ཆ་གང་ལེགས་འདོན་པ་དང་འབྲོག་ལས་སྒྱུར་བཅོས་དང་ཕྱུགས་རིགས་རྒྱུད་པ་ལེགས་བཅོས་བྱས་ཏེ་གཞི་ཁྱོན་ཅན་གྱི་གསོ་སྤེལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ལམ་བུར་བསྐྱོད་པར་བརྟེན་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེ་ཞིང་འབྲོག་པ་ཕྱུག་འགྱུར་དང་མཉམ་སྡེབ་འབབ་འཕར་ལ་སྐུལ་འདེད་གཏོང་བའི“འབབ་ཁུངས”སུ་གྱུར་ཡོད།

    བཀྲ་ཤིས་གསུམ་མདོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཉི་མ་ཚེ་རིང་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་དང་ལྷུན་པོ་ཞོལ་ཤང་སོགས་སུ་ཐེངས་མང་བསྐྱོད་དེ་ཉམས་མྱོང་སློབ་སྦྱོང་བྱས་པ་དང་། གསོ་མཁས་ལུག་དང་ཞལ་མདའ་འབྲི་གཡག་སོགས་ཕྱུགས་རིགས་སྤུས་ལེགས་ཀྱི་རྒྱུད་བཟང་གསོ་ཚགས་ཉམས་མྱོང་ལ་རྟོག་ཞིབ་བྱས་པ་དང་འབྲེལ‘གྲོང་ཚོ་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་2018ལོ་ནས་བཟུང་རྨང་བརྟན་དམངས་ཕན་གྱི་རྣམ་གྲངས་དང་རྫོང་རིམ་པའི་གྲོང་ཚོའི་མཉམ་སྡེབ་ཁ་གསབ་སོགས་ཀྱི་མ་དངུལ་སྤྱི་འདོམས་བྱས་ཤིང་། སྔ་རྗེས་སུ་སྒོར་ཁྲི་220ལྷག་ཙམ་བཏང་ནས“ལུག་སྟོང་གསོ་ཚགས་རྟེན་གཞི”དང“འབྲི་གཡག་མགོ་གྲངས་བརྒྱའི་གསོ་ཚགས་རྟེན་གཞིའི”རྣམ་གྲངས་གཉིས་ལག་བསྟར་བྱས་ཡོད།

    རྒྱུན་ཆད་མེད་པར་རྒྱུད་པ་ལེགས་བཅོས་བྱས་པ་བརྒྱུད་བཀྲ་ཤིས་གསུམ་མདོ་ལུག་གིས་མཚོན་པའི“སྒོ་བསྡུས་ལུག”ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད། 2023ལོར་བཀྲ་ཤིས་གསུམ་མདོ་གྲོང་ཚོའི“ལུག་སྟོང་གསོ་ཚགས་རྟེན་གཞི”དང“འབྲི་གཡག་མགོ་གྲངས་བརྒྱའི་གསོ་ཚགས་རྟེན་གཞིས”ཁྱོན་ལུག་1400དང་འབྲི་གཡག་18བཙོངས་པའི་ཡོང་འབབ་སྒོར་ཁྲི་149ལྷག་ཙམ་ཟིན་པ་དང་། མ་རྐང་ནང་ཞུགས་མཁན་དུད་ཚང་96གི་མང་ཚོགས་ལ་བགོ་འགྲེམས་དངུལ་སྒོར་ཁྲི་5.55སྤྲད་པ། གྲོང་ཚོ་ཡོངས་ཀྱི་དུད་ཚང་219ཡི་མང་ཚོགས་726ལ་མི་རེར་བགོ་འགྲེམས་སྒོར་400ཐོབ་ནས་ཁྱོན་བགོ་འགྲེམས་སྒོར་ཁྲི་29.04སྤྲད་ཡོད། མིག་སྔར་རྟེན་གཞི་གཉིས་སུ་ལག་ཡོད་ལུག་མགོ་གྲངས་4256དང་འབྲི་གཡག་མགོ་གྲངས་305ཡོད་པ་དང་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་ཁྲི་525ལྷག་ཙམ་ཟིན་ཡོད།

    “ཐོན་ལས་དར་བ་དང་འཚོ་བ་འབྱོར་ཕྱུག་ཡོང་བ་བྱེད་པ་ནི་གྲོང་གསེབ་དར་རྒྱས་ཀྱི་ནང་དོན་གཙོ་བོ་རེད། ང་ཚོའི་གྲོང་ཚོས་རྟེན་གཞི་བསྐྲུན་པ་དང‘འབྲོག་ལས་ཚབ་གཉེར’གྱི་བྱེད་ཐབས་ལག་བསྟར་བྱས་པ་མ་ཟད། གྲོང་ཚོའི‘ཨུ་ལྷན་གཉིས’དང་ཞིང་འབྲོག་པའི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཚོལ་ཞིབ་བྱས་པར་བརྟེན་གྲོང་ཚོའི་མཉམ་སྡེབ་དང་མང་ཚོགས་ལ་འབབ་འཕར་བྱུང་ཡོད”ཅེས་ཉི་མ་ཚེ་རིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།