དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་རྟ་ཕོ་ལྕག་གིས་བསྐུལ་བ།

    —— སྙན་རོང་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི“ཁྱད་ལྡན་ཐབས་ལམ”འཚོལ་ཞིབ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-03

    ཉེ་བའི་ལོ་ཤས་རིང་། སྙན་རོང་རྫོང་གིས་གྲོང་གསེབ་དར་རྒྱས་དང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྨང་གཞིའི་རང་བཞིན་གྱི་བསམ་བློ་དང་ལས་ཀའི་བྱ་ཐབས་ཡིན་པའི་བརྒྱུད་རིམ་གྱི་འདུ་ཤེས་སྤྱད་དེ་ཤང་ཚང་མར་གྲུབ་ཆ་ལེགས་སྒྲིག་བྱེད་པའི་རྩ་འཛུགས་གསར་པ་དང་། དུད་ཚང་ཚང་མར་ཡོང་འབབ་འཕར་བའི་རྣམ་གྲངས་གསར་པ། མི་ཚང་མར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་ལས་སྟེགས་གསར་པ་བཅས་གཏོད་ཐུབ་པའི་བརྩོན་ལེན་ཧུར་ཐག་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་བརྟན་ཁྲོད་ཡར་འཕེལ་དང་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བའི་རྣམ་པ་བཟང་པོ་མངོན་པར་སྐུལ་འདེད་བཏང་བ་རེད།

    “འབྲོག་ལས་རྫོང་ཆེན་ཞིག་ཡིན་པའི་ངོས་ནས་རྫོང་ཡོངས་ཀྱིས་སྲོལ་རྒྱུན་འབྲོག་ལས་ལས་འདས་པའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ནས་བྱ་ཐབས་གསར་པ་གང་དག་སྤྱད་དེ་གྲོང་ཚོ་སྟོབས་ལྡན་དང་མང་ཚོཊ་ཕྱུག་འགྱུར་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད་དམ”

    གསར་འགོད་པའི་དོགས་གཞིར། སྙན་རོང་རྫོང་གི་རྫོང་དཔོན་གཞོན་པ་དགྲ་འདུལ་གྱིས་ཕྱོགས་གསུམ་ཐད་ནས་ངོ་སྤྲོད་བྱས་པ་སྟེ།

    རྣམ་གྲངས་ཀྱིས་འཕེལ་རྒྱས་ཀྱི་ཆད་སྐྱོན་གསབ་སྟེ་འགག་གནད་བསལ་ཞིང་། འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་ཆེད། “ཞན་ཆ་སེལ་བ་དང་། ཞན་ཆ་ལེགས་གཏོང་། འཕེལ་རྒྱས་ལ་སྐུལ་འདེད”བཅས་ཀྱི་རྩ་དོན་ལ་གཞིགས་ནས། 2024ལོར་འབྲེལ་མཐུད་རྣམ་གྲངས་20ལག་ལེན་བསྟར་བའི་འདུན་ཞུ་བྱས་པར་ཁྱོན་མ་དངུལ་་སྒོར་ཁྲི་19490.11བཏང་བ་རེད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད། “གསང་སྤྱོད་གསར་བརྗེར”སྐུལ་འདེད་ཤུགས་ཆེན་བཏང་ནས་2024ལོར་ཁྱོན་དུད་ཚང་1188ཀྱི་གསང་སྤྱོད་ལེགས་བཅོས་བྱ་རྒྱུའི་འདུན་ཞུ་ཕུལ་བར་ཁྱོན་མ་དངུལ་སྒོར་ཁྲི་297བཏང་བ་རེད། མིག་སྔའི་བར། མང་ཚོགས་སོ་སོས་བསྐྲུན་པར་ངལ་ལས་ཡོང་འབབ་སྒོར་ཁྲི་25.4རག་ཡོད། རྫོང་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ཅིང་། མིག་སྔར་རྫོང་ཡོངས་སུ་གློག་འཕྲིན་4Gསྦྲེལ་ཚུགས་145དང་། སྒུལ་བདེའི་4Gསྦྲེལ་ཚུགས་195 ལན་ཐུང་4Gསྦྲེལ་ཚུགས་10བཅས་ཡོད་པ་དང་། རྫོང་གྲོང་དུ་5Gས་ཚིགས་37བཙུཊ་པ། ཤང་དང་གྲོང་རྡལ་10ཡི་5Gསྦྲེལ་ཚུགས་བཙུགས་ཟིན་པ་མ་ཟད་སྤྱོད་འགོ་ཚུགས་པ། 2024ལོར་4Gསྦྲེལ་ཚུགས་འཛུགས་སྐྲུན་རྣམ་གྲངས་9ལག་བསྟར་བྱ་རྩིས་ཡོད་པ་བཅས་རེད། “འགྲོ་སྐྱོད་དཀའ་བའི”གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་མིག་སྔར་རྫོང་ཡོངས་སུ་འགྲོ་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། ཤང་གྲོང་གི་འགྲོ་ལམ་ཤར་བགྲོད་ཐུབ་ཚད་90%ཟིན་པ། སྒྲིག་ཁོངས་གྲོང་ཚོར་འགྲོ་ལམ་ཤར་གཏོང་ཐུབ་ཚད་78%ཟིན་པ། 2024ལོར་སྒྲིག་ཁོངས་གྲོང་ཚོའི་འགྲོ་ལམ་ཤར་གཏོང་རྣམ་གྲངས་6ལག་ལེན་བསྟར་རྒྱུ་དང་ཁྱོན་མ་དངུལ་སྒོར་ཁྲི་8000ལྷག་ཙམ་འདུན་ཞུ་བྱས་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར་6ལྷག་ཙམ་བཏང་ནས་རྒྱལ་ལམ་345རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་ཏེ་འགྲོ་ལམ་གྱི་སྤུས་ཚད་སྔར་བས་ལེགས་སུ་གཏོང་རྩིས་ཡོད་པ་རེད།

    སྒྲོག་འགྲེལ་ལ་བརྟེན་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཏེ་གླེང་མང་བའི་གནད་དོན་ཐག་གཅོད་བྱས་ཤིང་། རྫོང་ཡོངས་ཀྱི་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་མཐུན་སྒྲིལ་བརྟན་ལྷིང་གི་ངར་ཤུགས་སྐུལ་སྤེལ་དང་དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཡ་རབས་ཀྱི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་ཀྱི་དམངས་སྲོལ་བཅས་སྐྱེད་སྲིང་དང་། ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྣེ་ཁྲིད་དེ“སློབ་སྦྱོང”དང་། རྫོང་རིམ་པའི་ལས་བྱེད་པས་དཔེ་སྟོན་གྱིས“ཁྲིད་སྟོན” རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བས་ཆེད་དོན“སྦྱོང་བརྡར” གཞི་རིམ་གྱི་སྒྲོག་འགྲེལ་པས་ཚང་མར“སྒྲོག་འགྲེལ” སྲོལ་རྒྱུན་དང་གསར་དར་སྨྱན་སྦྱོར་གྱིས་མཉམ་དུ“བརྒྱུད་སྤེལ”བཅས་ཀྱི་བྱེད་ཐབས་སྤྱད་དེ་དམངས་ཕན་སྲིད་ཇུས་དང་། རྨང་གཞིའི་རིགས་པའི་གཞུང་ལུགས། གྲུབ་འབྲས་ཐོབ་པའི་ཉམས་མྱོང་། སྔོན་ཐོན་དཔེ་མཚོན་སོགས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་དབྱེ་བ་བཅས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས་ཡོད། འདི་ལོ་ཚུན་དུ། འབྲེལ་ཡོད་སྒྲོག་འགྲེལ་བྱེད་སྒོ་ཐེངས་680ལྷག་ཙམ་སྤེལ་བ་དང་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་1.65ཟིན་ཡོད། ངལ་རྩོལ་ནུས་ཤུགས་དང་ཡོང་འབབ་གསོག་ཐུབ་པའི་ཆ་རྐྱེན་ཡོད་པའི་མང་ཚོགས་དབུལ་པོ་རྣམ་གྲངས་འཛུགས་སྐྲུན་དང་། ཐོན་ལས་གཉེར་སྐྱོང་། ལས་གཏོད་ལས་ཞུགས་སོགས་ལ་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། མང་ཚོགས་ཚོར“ལས་ཀ་བྱས་ཚེ་གཞི་ནས་རྒྱབ་སྐྱོར་ཐོབ་པའི”འདུ་ཤེས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐ་སྐྱོང་སྲིད་ཇུས་ལས་བྱུང་བའི་ལད་མོའི་ཕན་འབྲས་ངན་པ་མི་འབྱུང་སྔོན་འགོག་བྱས་ཡོད།

    ཡོང་འབབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྨང་གཞི་བཏིང་སྟེ་དཀའ་གནད་ཐག་གཅོད་བྱས་ཤིང་། སྙན་རོང་རྫོང་གི་འབྲོག་ལས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་དང་། སྐད་གྲགས་ཆོད་ཚད། བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་ཆེད། རྫོང་ཁོངས་ཀྱི་གྲགས་ཁྱད་ལེགས་གསུམ་གྱི་འབྲོག་ལས་ཐོན་རྫས་ལ་དམིགས་ནས། སྙན་རོང་རྫོང་གིས་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ལ“སྙན་རོང་ཁྲ་བོ་ལའི་གཡག”དང“སྙན་རོང་ཁྲ་བོ་ལའི་ཚགས་ཤ”“སྙན་རོང་གི་ཞོ”སོགས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་6འདུན་ཞུ་བྱས་པ་དང་། ཁྲ་བོ་ལའི་འབྲི་གཡག“ཕྱུགས་རིགས་དང་བྱ་རིགས་ཀྱི་རྒྱུད་བཟང་ཐོན་ཁུངས་སྤུས་དག་ཆེན་པོ་བཅུའི“གྲས་སུ་ངོས་འཛིན་བྱས་པ། རྫོང་ཁོངས་ཀྱི“ཞིང་ལས་སློབ་གྲྭ་དང་། ཞིང་ལས་གསོ་ཚགས། ཞིང་ལས་ཁེ་ལས”བཅས་ཀྱི་མངགས་ཐོའི་ཕྱིར་ཚོང་དང་། འགྲེམས་འཚོང་། འགྲེམས་སྟོན། ཚོང་ཁང་སོགས་ཁ་ཐོར་ཕྱིར་ཚོང་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་བཏང་བའི་རྨང་གཞིའི་ཐོག ལྷ་ས་དང་ནག་ཆུར་ཕྱིར་ཚོང་ས་ཚིགས་བཙུགས་ནས་རྫོང་ཕྱིའི་ལྗོངས་ནང་ཁུལ་གྱི་ཁྲོམ་ར་བཏོད་ཅིང་། ཕྱིར་ཚོང་ས་ཚིགས་ཁག་གཉེར་སྐྱོང་བྱས་ཚུན། རིམ་རྩིས་བྱས་ན་འབྲོག་ལས་ཡོང་འབབ་སྒོར་ཁྲི་14689.33བྱུང་བ་དང་ཕན་པ་ཐོབ་མཁན་མི་ཐེངས་73808ཟིན་པ་དང་། ཐོན་ལས་འཁོར་འབྲེལ་རྒྱ་སྐྱེད་དང་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་ཆེད། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་དུས་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བརྟན་མ་བཅུ་གཉིས་གསོལ་མགྲོན་ཁང་དང་། ཉི་མ་ཤང་གཡུ་རྩེའི་ཆུ་ཚན། ཀྲུང་ཀང་ཨར་ལས་རྒྱུ་ཆ་ཀུང་སི་བཅས་གསུམ་གྱི་ཐོན་ལས་རྣམ་གྲངས་རིམ་སྤོར་སྒྱུར་བཀོད་དང་གཉེར་སྐྱོང་ལེགས་གྲུབ་བྱུང་ཡོད། མིག་སྔའི་བར། ཉི་མ་ཤང་གཡུ་རྩེ་ཆུ་ཚན་ལ་ཡོང་འབབ་སྒོར་ཁྲི་304.6དང་། བརྟན་མ་བཅུ་གཉིས་གསོལ་མགྲོན་ཁང་ལ་ཡོང་འབབ་སྒོར་ཁྲི་138.6 ཀྲུང་ཀང་ཨར་ལས་རྒྱུ་ཆ་ཀུང་སིར་ཡོང་འབབ་སྒོར་ཁྲི་134.3བཅས་བྱུང་ཡོད། དེ་དང་ཆབས་ཅིག རྫོང་ཁོངས་དང་རྫོང་ཕྱིའི་ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཧུར་ཐག་བྱས་ནས། ཐོན་ལས་དང་། ཁེ་ལས། སྤྱི་ཕན་རང་བཞིན་གྱི་ལས་གནས། རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་སོགས་ཀྱི་ཐབས་ལམ་བརྒྱུད། ལས་གནས་སྣ་ཚོགས་མཁོ་འདོན་བྱས་ནས“ལས་ཞུགས་བརྟན་དུ་གཏོང་བའི”ལས་དོན་ཏན་ཏིག་བསྒྲུབས་པ། “ལས་ཞུགས་འགན་ལེན”གྱི་ལས་འགན་དོན་འཁྱོལ་བཅས་བྱས་པས། མིག་སྔར་མི་3567ལས་ཞུགས་ཐུབ་པ་དང་ཡོང་འབབ་སྒོར་ཁྲི་3808.32བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།