དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • སྟར་སྡོང་བཏབ་ནས་ཕྱུག་འགྱུར་ལམ་བུར་སྐྱོད།

    ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་སྟར་སྡོང་ཆུང་ངུ་བཏབ་ནས་ཁྲོམ་ར་ཆེན་པོར་སྐུལ་ཁྲིད་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-28

    ལྷོ་ཁར་ལོ་ངོ་སྟོང་གི་སྟར་ཁའི་ནགས་ཚལ་ཞིག་ཡོད་པ་དེ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། སྣ་ཁ་ཕུན་སུམ་ཚོགས་པ། སྤུས་ཚད་ཁྱད་དུ་འཕགས་པ་བཅས་ལས་གང་སར་སྐད་གྲགས་ཆོད་ཡོད། སྟར་སྡོང་ནཊ་ཚལ་དེ་རྒྱ་ཚ་རྫོང་གི་མངའ་ཁོངས་སུ་གནས་པ་དང་གནའ་བོའི་སྟར་སྡོང་3657ལྷག་ཙམ་ཡོད་པ་མ་ཟད། 2023ལོའི་ཟླ་12པར་འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་ལས་ཁུངས(WRCA)ཀྱིས“འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ངོ་སྟོང་གི་སྟར་ཁའི་ནགས་ཚལ”ཡིན་པའི་ཁས་ལེན་དཔང་འདོན་བྱས་ཡོད། ད་ཆ་གནའ་བོའི་སྟར་ཁའི་ནགས་ཚལ་དེར་སྐྱེ་སྟོབས་གསར་པ་རྒྱས་བཞིན་ཡོད་པས། རྒྱ་ཚ་རྫོང་གི་ཐོན་ལས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    རྒྱ་ཚར་སྟར་ཁ་འདེབས་འཛུགས་བྱེད་པའི་ལོ་རྒྱུས་དེ་ལོ་ངོ་བརྒྱ་ཕྲག་ཁ་ཤས་གོང་བར་ཁུངས་འདེད་ཆོག་ལ། ས་གནས་དེ་གའི་སྟར་ཁའི་ཤུན་པ་སྲབ་ལ་འབྲས་བུ་ཆེ་བ་དང་འཚོ་བཅུད་ཕུན་སུམ་ཚོགས་པས་སྐད་གྲགས་ཆོད་ཡོད་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་ཚན་རིག་དང་མཐུན་པའི་དོ་དམ་དང་ལས་སྣོན་ཞིབ་ཚཊ་ཀྱི་ལག་རྩལ་མི་འདང་བའི་དབང་གིས་སྟར་ཁའི་ཐོན་ལས་སྔར་ནས་བཟུང་ཆུ་ཚད་དམའ་བ་དང་གཞི་ཁྱོན་ཆུང་བའི་འཕེལ་རྒྱས་ཀྱི་རྣམ་པར་གནས་པས་མི་མངོན་པའི་དཔལ་འབྱོར་རིན་ཐང་གང་ལེཊ་བཏོན་ཐུབ་མེད།

    ད་ཡོད་ཀྱི་གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། རྒྱ་ཚ་རྫོང་གིས་ཕྱི་ཕྱོགས་ཀྱི་མཉམ་ལས་འཚོལ་ཞིབ་ཧུར་ཐག་བྱས་ནས་འབྲི་ཆུ་སློབ་ཆེན་དང་མཉམ་ལས་བྱས་ཏེ། བོད་ཀྱི་ས་མཐོའི་སྟར་ཁ་ཞིབ་འཇུག་སུའོ་བཙུགས་ནས་སྟར་ཁར་ཚན་ཞིབ་བྱས་པ་རེད། མིག་སྔའི་བར། སྤུས་ལེགས་ཀྱི་སྟར་སྡོང་རྐང་གཅིག་མའི་སྡོང་རྐང་6བདེ་བླག་ངང་ལེགས་འདེམས་བྱས་ནས་སྤུས་ལེགས་སྟར་ཁ་འདེབས་གསོ་དཔེ་སྟོན་རྟེན་གཞི་མུའུ་50ལྷག་ཙམ་བསྐྲུན་ཡོད། དེ་དང་ཆབས་ཅིག འོས་འགན་ཤིང་འཛུགས་དང་རྣམ་གྲངས་འདེབས་འཛུགས་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱ་ཚའི་སྟར་སྡོང་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་4.3བར་ཆེ་རུ་བཏང་བ་དང་སྟར་སྡོང་རྐང་ཁྲི་52བཏབ་པས་ས་ཞིང་སྤྱོད་ཚད་མཐོ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ཞིང་པ་ཚོར་ལས་ཞུགས་ཀྱི་གོ་སྐབས་དང་ཡོང་འབབ་འཕར་བའི་ཐབས་ལམ་དེ་བས་མང་བ་མཁོ་འདོན་བྱས་ཡོད།

    སྟར་སྡོང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱ་ཚ་རྫོང་གིས《རྒྱ་ཚ་རྫོང་གི་སྟར་ཁའི་ཐོན་ལས་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད》བཟོས་ནས་མ་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་སྟེ་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་ཀྱིས་སྟར་ཁ་ལས་སྣོན་ཞིབ་ཚགས་ཀྱི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། སྔོན་ཐོན་གྱི་སྟར་ཁའི་སྣུམ་སོགས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་སྐྱེད་སྒྲུབ་རིམ་ནང་འདྲེན་བྱས་པས། སྟར་ཁའི་ཐོན་རྫས་སྣ་མང་ཅན་དང་སྤུས་ཚད་རིམ་སྤོར་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག ཐོན་ལས་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་ནས་ལུང་པ་སྐྱེ་ཁམས་ལྟ་སྐོར་གླིང(ཤིང་ཏོག་སྐམ་པོ་དང་སོས་པ་ལས་སྣོན་གླིང)བསྐྲུན་ནས་ཉིན་རེར་སྟར་སྣུམ་ཏུན་2ཐོན་སྐྱེད་བྱེད་པའི་ཐོན་སྐྱེད་སྒྲུབ་རིམ་གསར་དུ་བསྐྲུན་ཡོད། ད་ཆ་ལོ་རེའི་སྟར་ཁ་ཐོན་ཚད་ཏུན་1100དང་ཐོན་རྫས་རིན་ཐང་སྒོར་ཁྲི་4000ལྷག་ཙམ་ཟིན་ནས“བཙོངས་ཐུབ་པ”དང“བཙོངས་ཚར་བ”ནས“ཡག་པོ་འཚོང་ཐུབ་པ”དང“རིན་གོང་མཐོ་པོ་རག་པའི”བར་འགྱུར་ལྡོག་བྱུང་ཡོད།

    སྟར་ཁའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས། རྒྱ་ཚ་རྫོང་གིས་ད་དུང་སྟར་ཁའི་ཐོན་ཁུངས་ལ་བརྟེན་ནས་ལུང་པའི་སྐྱེ་ཁམས་ལྟ་སྐོར་གླིང་སོགས་ཡུལ་སྐོར་རྣམ་གྲངས་བཏོད་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད། ཡུལ་སྐོར་བ་ཚོས་དེ་ནས་ལོ་ངོ་སྟོང་གི་སྟར་ཁའི་ནགས་ཚལ་གྱི་ཡིད་འོང་རྣམ་པ་དང་སྟར་ཁ་སོས་པའི་རོ་བཅུད་མྱོང་རོལ་ཐུབ་པ་མ་ཟད། ད་དུང་སྟར་ཁའི་རིག་གནས་ཀྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་ཀྱང་མྱོང་རོལ་ཟབ་མོ་བྱེད་ཐུབ།

    རྒྱ་ཚ་རྫོང་གི་སྟར་ཁའི་ཐོན་ལས་དར་རྒྱས་བྱུང་བ་དེས་ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་ཐེབས་ཡོད། གནའ་བོའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་ཆ་དེར་སྟར་ཁ་འདེབས་པར་བརྟེན་ནས་རྒྱ་ཚའི་མི་དམངས་རྣམས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།