དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • བོད་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་རྗེས་གདེང་འཇོག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-28

    དབུལ་སྒྲོལ་འགག་སྒྲོལ་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་དཔྱད་ཞིབ་ལྟ་བཤེར་བྱེད་སྟངས་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱུན་དུ་ནས“དོན་འཁྱོལ་གསུམ”ལ་དམ་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ་དེ་འགག་གནད་སྒྲོལ་སར་བྱས་ཏེ་བྱེད་པོའི་འགན་འཁྲི་དང་། ལྟ་འདོམས་ཀྱི་འགན་འཁྲི། ཐད་ཀའི་འགན་འཁྲི་བཅས་དམ་དུ་དང་ནན་དུ་བཏང་ཞིང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་གྱི་རྒྱུན་གཏན་ལས་རྗེས་གདེང་འཇོག་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་དམིགས་ཚད་ལས་འགན་དོན་འཁྱོལ་ཏན་ཏིག་དང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ་རེད།

    བོད་ལྗོངས་སུ་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་དཔྱད་ཞིབ་དཔྱད་དཔོག་ཚོགས་ཆུང་བཙུགས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་གྱི་རྒྱུན་གཏན་ལས་རྗེས་གདེང་འཇོག་འཚོལ་ཞིབ་སྒོས་སྐུལ་འདེད་གཏོང་བ་དང་། རྒྱུན་གཏན་ལས་རྗེས་གདེང་འཇོག་དེ་དཔྱད་ཞིབ་ལྟ་བཤེར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་སྐུལ་འདེད་གཏོང་བ། 《གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ཞིབ་སྲོལ》གྱི་དཔྱད་ཞིབ་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། 《ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་གྱི་རྒྱུན་གཏན་ལས་རྗེས་གདེང་འཇོག་ལམ་ལུགས(ཚོད་ལྟའི་ལག་བསྟར)》བཟོ་བ། 《གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལས་དོན་གྱི་རྒྱུན་གཏན་ལས་རྗེས་གདེང་འཇོག་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ནས་འགྲེམ་པ་བཅས་བྱས་ཏེ་མ་ལག་ཆ་ཚང་བའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད།

    དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱིས་རིམ་པ་ཁག་དང་རིགས་ཁག་གི་ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ཚུར་ལན་གྱི་ནུས་ལྡན་ཁྱབ་ཁོངས་ཀྱི་གནད་དོན་དག་ཐེར་དང་རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་དོན་སོགས་རྒྱུན་གཏན་གྱི་ལས་རྗེས་གདེང་འཇོག་ནང་དོན་དུ་བརྩིས་ནས་གདེང་འཇོག་དམིགས་ཚད་ལེགས་སུ་གཏོང་བ་དང་། གདེང་འཇོག་བྱེད་སྟངས་གསར་གཏོད། གདེང་འཇོག་བྱེད་པོ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱུན་གཏན་གྱི་ལས་རྗེས་གདེང་འཇོག་གི་ཁ་ཕྱོགས་མི་འཛོལ་བ་དང་དམིགས་ཚད་མི་ཆག་པའི་འགན་ལེན་བྱས་ནས་ལས་རིགས་ལྟ་འདོམས་ཉིད“ཕྱོགས་ཡོངས་ལ་ཁྱབ་པ་དང་དམིཌ་བསལ་མེད་པ”བྱས་ཡོད།

    གཞན་ཡང་། བོད་རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དཔྱད་ཞིབ་དཔྱད་དཔོག་ཚོགས་ཆུང་གིས་དུས་ཚིགས་ཀྱི་བཀོད་གཏོང་ཕྱོགས་བསྡུས་བྱས་པའི་ལས་རིགས་སྡེ་ཚན་ཁག་གི་ལས་རྗེས་གདེང་འཇོག་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། དུས་ཚིགས་ཀྱི་བརྡ་ཁྱབ་ཕྱོགས་བསྡུས་དང་སྤྱི་སྡོམ་བྱས་ཏེ་གྲོང་ཁྱེར་དང་ས་ཁུལ་7གྱི་ཐོབ་སྐར་གྲུབ་པར་བྱས་པ་དང་། བསྡུར་ཚད་30%ལྟར་བོད་རང་སྐྱོང་ལྗོངས་ཀྱི་ལོ་འཁོར་འབྲེལ་མཐུད་ནུས་ལྡན་གྱི་དཔྱད་ཞིབ་ཕྱོགས་བསྡུས་གདེང་འཇོག་གི་སྐར་གྲངས་ལ་བརྩིས་ནས་ལས་ཀའི་ཕན་འབྲས་ཆེ་རུ་འགྲོ་བར་འགན་ལེན་བྱས་ཡོད། ད་ལོའི་ཟླ་བ་དང་པོར་བོད་རང་སྐྱོང་ལྗོངས་ཀྱིས《2023ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱས་པར་དཔྱད་ཞིབ་བྱས་ཚུལ་སྐོར་གྱི་བརྡ་ཁྱབ》བཀྲམ་ནས“ཕྱོགས་བསྡུས་གདེང་འཇོག་ལེགས”པར་ཞིབ་དཔྱད་གཏན་འཁེལ་བྱུང་བའི་གཞིས་རྩེ་དང་། ཆབ་མདོ། མངའ་རིས། ལྷ་ས་བཅས་གྲོང་ཁྱེར་དང་ས་ཁུལ་4ལ་བྱང་བུ་སྤྲད་པ་དང་འབྲེལ་2024ལོའི་འབྲེལ་མཐུད་མ་དངུལ་ལ་སྤྱི་འདོམས་བཀོད་སྒྲིག་བྱེད་སྐབས་བྱ་དགའ་སོ་སོར་སྤྲད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།