དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ནེ་པ་ལའི་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམས་ཚོང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-26

    ཉིན་ཤས་གོང་། གཞིས་རྩེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ནེ་པ་ལའི་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་འདུས་འགོ་ཚུགས་ཤིང་། ད་ཐེངས་ཀྱི་ཚོང་འདུས་ལ་ཁྱོན་འགྲེམས་གནས་160ཡོད་ལ། ཞིམ་ཟས་དང་། རྒྱན་གོས། ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་གཞིས་རྩེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ནེ་པ་ལའི་ཁྱད་ལྡན་ཐོན་རྫས་300ལྷག་ཙམ་ཡོད་པས་ཚོང་ཟོག་བྲིན་ཁ་རྒྱུག་ལ་རྣམ་པ་འཁྲུག་པོ་ཡོད་པ་རེད།

    འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་གཞིས་རྩེས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཀྲུང་གོ་དང་ནེ་པ་ལའི་ཕྱོགས་གཉིས་པོའི་ཚོང་དོན་འགྲོ་འོང་དང་མཛའ་གྲོགས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ཕྱོགས་གཉིས་པོའི་ཁྱིམ་མཚེས་མཛའ་གྲོགས་འབྲེལ་བ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།