དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཐོན་ཁུངས་ཅན་བེད་སྤྱོད་མགྱོགས་སུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-26

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གཙང་སེལ་ལྟེ་གནས་ཀྱི་རྣམ་གྲངས་འདི་ལོའི་ཟླ་4པར་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་དེ་འཛུགས་སྐྲུན་བྱས་ནས་བེད་སྤྱོད་གཏོང་འགོ་ཚུགས་རྗེས་སྔོན་ཐོན་གྱི་ལག་རྩལ་དང་དོ་དམ་བྱ་ཐབས་སྤྱད་དེ་རྫོང་ཡོངས་ཀྱི་ཤང་བདུན་དང་གྲོང་རྡལ་གཅིག་གི་ཨར་སྐྲུན་གད་སྙིགས་གཅིག་སྡུད་ཐོག་བསྡུ་རུབ་དང་། རིགས་དབྱེ། གཙང་སེལ་བཅས་བྱས་ཏེ་ཆུ་ཚོད་རེར་ཨར་སྐྲུན་གད་སྙིགས་ཏུན་90ལྷག་ཙམ་གཙང་སེལ་ཐུབ་ཀྱི་ཡོད། ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་བསྐྱར་སྐྱེས་བེད་སྤྱོད་ལག་རྩལ་ལ་བརྟེན་ནས་གད་སྙིགས་གཙང་སེལ་བྱེད་པ་དེས་གད་སྙིགས་ཚན་རིག་དང་མཐུན་པའི་ངང་གཙང་སེལ་ཐུབ་པ་མ་ཟད། ད་དུང་ཨར་སྐྲུན་གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་ཆུ་ཚད་ཀྱང་མཐོ་རུ་ནུས་ལྡན་ཕྱིན་ནས་མལ་གྲོ་གུང་དཀར་རྫོང་གི་ཁོར་ཡུག་བཅོས་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལས་དོན་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་རེད།

    པར་འདི་དག་ནི་མལ་གྲོ་གུང་དཀར་རྫོང་ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གཙང་སེལ་ལྟེ་གནས་ཀྱི་རྣམ་གྲངས་སྐྲུན་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།