དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • སྣང་རྫོང་དུང་དཀར་གྲོང་རྡལ་གྱིས་ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་བཤངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-21

    ཉེ་བའི་ལོ་ཤས་རིང་། སྣང་རྫོང་དུང་དཀར་གྲོང་རྡལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་རྒྱལ་ལམ་560རྒྱུད་ཀྱི་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་པ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ། དཀྲོགས་གྲོང་ཚོ་ལྟེ་བར་བྱས་ནས་གྲོང་གསེབ་ཡུལ་སྐོར་སྔོན་ལ་འཕེལ་རྒྱས་གཏོང་བའི་ཚོད་ལྟ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་བརྩམས་ཡོད།

    སྣང་རྫོང་དུང་དཀར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་བསྟན་འཛིན་འོད་ཟེར་གྱིས། “ཡུལ་སྐོར་ལས་དོན་ཁང་གིས་ཆེད་མངགས་ཉིང་ཁྲི་ནས་ལྷོ་ཁ་དང་། དེ་ནས་ལྷ་ས་བར་གྱི་ཡུལ་སྐོར་ལམ་ཐིག་བཏོད་པ་དང་། ང་ཚོས་རང་འགུལ་ངང་ཡུལ་སྐོར་ལས་དོན་ཁང་དང་གྲོས་མོལ་བྱས་ཏེ་ཡུལ་སྐོར་ཚོགས་པར་སྣེ་ལེན་བྱེད་པའི་མཉམ་ལས་ལ་གྲོས་མཐུན་བཞག་ནས། དུང་དཀར་གྲོང་རྡལ་དང་ཡུལ་སྐོར་ལས་དོན་ཁང་གིས་ཁྲིད་སྟོན་དང་། གྲོང་ཚོ‘ཨུ་ལྷན་གཉིས’ཚན་ཁག་གི་ཁོངས་མིས་སྣེ་ཁྲིད། མང་ཚོགས་མཉམ་དུ་ཞུགས་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཡུལ་སྐོར་ཚོགས་པར་སྣེ་ལེན་ཞུ་བཞིན་ཡོད། དེ་དང་ཆབས་ཅིག གྲོང་ཚོའི་མདའ་འཕེན(ཀོང་པོའི་བི་ཤུ)ཉམས་ལེན་ས་ཚིགས་དང་། ཞིང་ཞོར་ཐོན་རྫས་འགྲེམས་ཚོང་ཁང་སོགས་ལྷུ་ཚིགས་ཁག་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    འདི་ལོ་སྣང་རྫོང་དུང་དཀར་གྲོང་རྡལ་གྱིས་དཀྲོགས་གྲོང་ཚོའི་མིའི་འཚོ་སྡོད་ཁོར་ཡུག་གི་རྣམ་པ་ལེགས་སུ་དང་གྲོང་གསེབ་དར་རྒྱས་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག དཀྲོགས་གྲོང་ཚོའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོའི་རྨང་གཞི་བཟང་པོར་བརྟེན་པ་དང་ད་ཡོད་ཀྱི་སྒོ་རའི་དཔལ་འབྱོར་དང་མདའ་འཕེན་ཉམས་ལེན་ས་ཚིགས་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་དཀྲོགས་གྲོང་ཚོར་དམངས་སྲོལ་ཉམས་ལེན་བྱེད་སྒོ་སྤེལ་ཏེ་ཡུལ་སྐོར་གྱི་ཉམས་ལེན་ཕུན་སུམ་ཚོགས་སུ་བཏང་ཡོད།

    སྣང་རྫོང་དུང་དཀར་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་སྔོན་ལ་ཚོད་ལྟ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བར་ཤུགས་སྣོན། འབབ་འཕར་ཐད་བྱེད་ཐབས་དངོས་འདོན་པ་བཅས་བྱས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱས་ཤིང་། འདི་ལོའི་ཟླ་3པ་ནས་ད་བར་འཁོར་གཏོང་ཡུལ་སྐོར་ཚོགས་པ་ཁག་20ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།