དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་མང་ཚོགས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ནང་ཞུགས་པར་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-19

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་ཧྲེན་ལི་དུས་རབས་ཐང་ཆེན་དུ“ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་བརྟེན་ནས་ང་ཚོ་ཚང་མས་གད་སྙིགས་རིགས་དབྱེའི་ཤེས་དཔལ་མཉམ་སྐྲུན་སྔོན་ལ་ལག་བསྟར་བྱེད་པའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ནང་ཧུར་ཐག་ཞུགས་ནས་་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པར་ཁྲིད་སྟོན་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཏང་ཡོན་དང་ལས་བྱེད་པས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་འཚོ་བའི་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་ཤོག་ལྷེ་དང་འབྱུང་འཕྲོད་ཁུག་མ་སོགས་སྤྲད་པ་དང་འབྲེལ། མང་ཚོགས་ལ་འཚོ་བའི་གད་སྙིགས་རིགས་དབྱེའི་དགོས་ངེས་རང་བཞིན་དང་དེ་བཞིན་འཚོ་བའི་གད་སྙིགས་ཀྱི་རིགས་དང་། མཚོན་རྟགས། གད་སྙིགས་དབྱུག་སྐབས་ཀྱི་ཕྱོགས་སྟོན་སོགས་གད་སྙིགས་རིགས་དབྱེའི་ཤེས་བྱ་འགྲེལ་བཤད་བརྒྱབ་སྟེ། རྒྱ་ཆེའི་མང་ཚོགས་ཀྱིས་སྤྱོད་ཐེངས་གཅིག་གི་དངོས་རྫས་ཉུང་ཙམ་སྤྱོད་པ་དང་རྣམ་ཀུན་གྱི་འཚོ་བ་དང་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་གད་སྙིགས་རིགས་དབྱེ་བའི་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལུའོ་ཅང་ཆུན་གྱིས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱེད་པར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་ཁྲོམ་གཞུང་སྡེ་ཁུལ་གྱི་མཉམ་སྐྲུན་བྱེད་སྒོར་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་ལས་དོན་ཡག་པོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་གད་སྙིགས་རིགས་དབྱེའི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་འཚོ་བའི་གད་སྙིགས་གཙང་སེལ་བྱེད་སྐབས་གད་སྙིགས་རིགས་དབྱེ་ཐུབ་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།