དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མདུན་སྐྱོད་ཀྱི་རོལ་དབྱངས་དཀྲོལ་ནས་སྒུལ་ནུས་གསར་པ་གཅིག་ཏུ་བསྒྲིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    འདི་ནི་སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོར་འབྲི་རུ་རྫོང་རྩ་ལ་ཤང་བསང་སྦུག་གྲོང་ཚོའི་མང་ཚོགས་ཀྱིས་གྲོང་ཚོ་རིམ་པའི་ཐོག་མའི་འགྲན་བསྡུར་ནང་རྩམ་པ་འཐག་རྩལ་འགྲན་བཞིན་པ།

    འདི་ནི་སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོར་འབྲི་རུ་རྫོང་རྩ་ལ་ཤང་བསང་སྦུག་གྲོང་ཚོའི་མང་ཚོགས་ཀྱིས་གྲོང་ཚོ་རིམ་པའི་ཐོག་མའི་འགྲན་བསྡུར་ནང་ཇ་བསྲུབས་མ་བཟོ་རྩལ་འགྲན་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྤེལ་བ་དེ་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི“རྩ་བཅོས”བྱེད་ཐབས་སུ་བརྩིས་ཏེ། ཕྱོགས་ཡོངས་ནས་ཁྱབ་གདལ་དོན་འཁྱོལ་བྱས་པར་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཡོད།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱིས་སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། བྱེད་སྒོར་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་ཚུལ་དང་། བསམ་གཞིག རེ་སྒུག་བཅས་དང་ཟུང་འབྲེལ་བྱས་ཏེ། རིག་རྩལ་རིག་གནས་རིགས་དང་། སྐད་ཡིག་རིགས། ཐོན་སྐྱེད་རྩལ་ནུས་རིགས། ལག་ལེན་རིགས། རྟ་རྒྱུག་རྩལ་འགྲན་རིགས་སོགས་རིགས་ཁག་ཆེན་པོ་5ཡི་བྱེ་བྲག་འགྲན་བསྡུར་ཁག་29གཏན་འཁེལ་བྱས་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་འགྲན་བསྡུར་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་བ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱས་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།