མཁོ་སྤྲོད་ལས་སྟེགས་བསྐྲུན། ལས་ཞུགས་འབབ་འཕར་བཏོད།
ཉེ་ཆར། རྒྱལ་རྩེ་རྫོང་མི་སྤྱི་ཅུས་ཀྱིས་རྒྱལ་རྩེ་གྲོང་རྡལ་མི་དམངས་སྲིད་གཞུང་དང་མཉམ་དུ་ཆེད་དོན་ལས་བསྡུའི་འདུ་ཚོགས་དང་མི་སྤྱིའི་སྲིད་ཇུས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ཐོག་མི་སྤྱོད་ཁེ་ལས་52ཀྱིས་ལས་ཞུགས་ལས་གནས་སྨན་པ་དང་སྨན་གཡོག་དང་། ནོར་དོན་དང་རྩིས་གཉེར། བཟའ་བཏུང་དང་ཞབས་ཞུ་སོགས་169མཁོ་འདོན་བྱས་པ་དང་ཆབས་ཅིག ལས་དོན་མི་སྣས་ས་གནས་ས་ཐོག་གི་མང་ཚོགས་ལ་ལས་ཞུགས་དང་། གསོ་སྦྱོང་། སྤྱི་ཚོགས་འགན་སྲུང་སོགས་ཀྱི་སྲིད་ཇུས་ཞིབ་ཕྲ་གསལ་འགྲེལ་ཡང་བྱས་པ་རེད། འདི་ནི་ལས་ཀ་འཚོལ་མཁན་གྱིས་ལས་བསྡུའི་ཆ་འཕྲིན་ལ་ལྟ་བཞིན་པ།