དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་ལས་མང་ཚོགས་ཀྱི་ཡོང་འབབ་འཕར་ཞིང་བསམ་ཕྱོགས་རྒྱ་སྐྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ནི་བོད་ཀྱི་རིག་གནས་ཡུལ་སྐོར་དབུལ་སྐྱོར་གྱི་ཚད་ཤིང་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། 2013ལོའི་ཟླ་8པར་འཁྲབ་སྟོན་བྱས་པ་ནས་བཟུང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་མངོན་འགྱུར་བྱུང་བ་རེད། ལོ་མང་རིང་། རྣམ་གྲངས་གཉེར་སྐྱོང་བྱེད་མཁན་ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚོགས་པ་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་བཞག་ཏེ། ཐོན་ལས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ནུས་དང་དམངས་འཚོར་བདེ་རྩ་སྐྲུན་ནུས་རྒྱུན་མཐུད་ཆེ་རུ་བཏང་ཞིང་། འཁྲབ་སྟོན་ལ་བརྟེན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོར་ཕན་པ་བཏགས་ནས། ས་གནས་དེ་གའི་མི་སེར་ཚོས་ལས་ཞུགས་ལས་གཏོད་དང་ཡོང་འབབ་འཕར་བར་སྐུལ་མ་ནུས་ལྡན་ཐེབས་པ་མ་ཟད། དཔལ་འབྱོར་གྱི་ཡོང་འབབ་འཕར་ཞིང་བསམ་ཕྱོགས་རྒྱ་སྐྱེད་ཐུབ་པ་རེད།

    ལོ་12རིང་། ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚོགས་པས་ཐོག་མཐའ་བར་གསུམ་དུ“ཚེ་མཆོག་གླིང་གི་གྲོང་མིའི་ལས་ཞུགས་སྔོན་ལ་ཐག་གཅོད་དང་མཐའ་འཁོར་གྱི་ཞིང་འབྲོག་པ་འཁྲབ་སྟོན་གཉེར་སྐྱོང་ནང་ཞུགས་པ”འགོ་འཛུགས་སར་བྱས་ཤིང་། 《འུན་ཤིང་ཀོང་ཇོའི》རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ས་གནས་དེ་གའི་མང་ཚོགས་ལས་གྲྭ་འཛུགས་སྐྲུན་ནང་བསྡུས་པ་དང་། ས་གནས་དེ་གའི་གྲོང་མིའི་སྐྱེལ་འདྲེན་རླངས་འཁོར་གླས་པ། ས་གནས་དེ་གའི་གྲོང་མིའི་སྡོད་ཁང་གླས་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཚེ་མཆོག་གླིང་གྲོང་ཚོར་ཡོང་འབབ་སྒོར་ཁྲི་5000ཡན་གཏོད་རོགས་བྱས་པ་རེད། འཁྲབ་སྟོན་ཐེངས་དང་པོ་དངོས་སུ་བྱས་པ་ནས་བཟུང་། འཁྲབ་སྟོན་ཚོགས་ཆུང་གི་འཁྲབ་སྟོན་པ་95%ཡན་ས་གནས་དེ་གའི་ཞིང་འབྲོག་པ་ཡིན་པ་དང་། འཁྲབ་སྟོན་པ་ཁོ་ནར་ལས་ཞུགས་མི་800ཙམ་ཐུབ་ཡོད་པ་རེད། གཞན་ཡང་། རྣམ་གྲངས་གཉེར་སྐྱོང་བྱས་པ་ལས་ད་དུང་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཕ་ཡུལ་དུ་ལོག་པའི་སློབ་མ་900ལྷག་ཙམ་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད་པ་རེད།

    2019ལོར། ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚོགས་པ་དང་ལྷ་ས་གྲོང་ཁྱེར་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པས་སླར་ཡང་མཉམ་འབྲེལ་ཐོག་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》བཏོད་པ་དང་འབྲེལ། ལོ་དེའི་ཟླ་8པར་ལྷ་སར་འཁྲབ་སྟོན་ཐོག་མ་བྱས་པ་རེད།

    “ང་རང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་རྗེས་ཕ་ཡུལ་ཚེ་མཆོག་གླིང་དུ་ལོག་ནས་ཆེད་དོན་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོའི》འཁྲབ་སྟོན་ནང་ཞུགས་པ་ཡིན། ད་ཆ་འཁྲབ་སྟོན་བྱ་ཡུལ་གྱི་སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད། འཁྲབ་སྟོན་མང་བའི་དུས་ཚིགས་སུ་ཟླ་རེར་གླ་ཕོགས་སྒོར་8000འདུག་པས། མིག་སྔའི་ལས་ཀར་བློ་ཡིད་ཚིམ་པོ་འདུག”ཅེས་ལོ་28ལ་སླེབས་པའི་ཚེ་མཆོག་གླིང་གྲོང་ཚོའི་ཡུལ་མི་རིག་ཆུང་གིས་གསར་འགོད་པར་བརྗོད་བྱུང་།

    ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། ད་ལོར་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་གྱི་དུས་ཚིགས་བཅུ་གཉིས་པར་སླེབས་པ་དང་། གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡང་འཁྲབ་སྟོན་གྱི་དུས་ཚིགས་དྲུག་པར་སླེབས་ཡོད། ངེད་ཚོས་དེ་སྔའི་སྤུས་ཚད་མཐོ་བའི་རྨང་གཞིའི་ཐོག་འཁྲབ་ཚན་མུ་མཐུད་ལེགས་སུ་གཏོང་རྒྱུ་ཡིན་པ་སྟེ། དཔེར་ན། གར་སྟེགས་ཀྱི་ཕན་འབྲས་དེ་བས་ཆེ་རུ་གཏོང་རྒྱུ་དང་། གྲངས་གཞིའི་ལག་རྩལ་དེ་བས་མདུན་གྲལ་དུ་སྤྱོད་རྒྱུ། གྱོན་ཆས་དང་འཁྲབ་ཆས་ཀྱི་སྤུས་ཀ་དེ་བས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།