དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཞིང་གི་ཆུ་བེད་ཆུང་གྲས་སྐྲུན་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-13

    ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས“གུད་གསབ་ལས་སྤྲོད”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དགུན་དུས་ཀྱི་ས་ཞིང་གི་ཆུ་བེད་ཆུང་གྲས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཏེ། སྔ་རྗེས་སུ་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ཆུ་འདྲེན་ཁུལ་དང་གྲོ་ཡུལ་གྱི་ཆུ་འདྲེན་ཁུལ་སོགས་ཆུ་བེད་ལས་གྲྭ་གཙོ་བོ་བསྐྲུན་པས། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་100ལྷག་ཙམ་མང་དུ་དང་ལེགས་སུ་ཕྱིན་པ་དང་། ཞིང་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། ཞིང་སའི་ཆུ་འདྲེན་ཆུ་སྤྱོད་དགོས་མཁོའང་འགན་ལེན་ནུས་ལྡན་ཐུབ་ཡོད།

    ས་ཞིང་གི་ཆུ་བེད་ཆུང་གྲས་ལ་ཐན་འགོག་དང་འཁྱིལ་ཆུ་བཤང་བའི་ནུས་པ་ལྡན་ལ། ཐན་ཞོད་ཀྱི་གནོད་འཚེ་འགོག་པར་དམིགས་བསལ་གྱི་ནུས་པ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་དང《ལྷོ་ཁ་གྲོང་ཁྱེར་གྱི་ས་ཞིང་གི་ཆུ་བེད་ཆུང་གྲས་འཛུགས་སྐྲུན་མ་དངུལ་དོ་དམ་བྱ་ཐབས(ཚོད་ལྟ་བྱ་ཐབས)》བཏོན་པ་མ་ཟད། ས་ཞིང་གི་ཆུ་བེད་ཆུང་གྲས་སྐྲུན་པའི་མ་དངུལ་གྲོང་ཁྱེར་དང་རྫོང་རིམ་པའི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ་ལོ་རེ་བཞིན་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ས་ཞིང་གི་ཆུ་བེད་ཆུང་གྲས་ཀྱི་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ནན་པོ་བྱས་ཡོད། 2023ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ཆེད་དོན་མ་དངུལ་སྒོར་ཁྲི་7751བཏང་ནས་ས་ཞིང་གི་ཆུ་བེད་ཆུང་གྲས་ཀྱི་རྣམ་གྲངས་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་བརྒྱབ་པའི་ནང་2023ལོར་སྒོར་ཁྲི་3141བཏང་ནས་རྣམ་གྲངས་110ལག་བསྟར་བྱས་པ་དང་2024ལོར་མ་དངུལ་སྒོར་ཁྲི་4610བཏང་ནས་རྣམ་གྲངས་458ལག་བསྟར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།