དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • རྫ་ཡུལ་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་དཔུང་ཁག་ལ་དོ་དམ་དང་གསོ་སྐྱོང་བཀོལ་སྤྱོད་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-03

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་འགག་རྩར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དོ་དམ་དང་། གསོ་སྐྱོང་། བཀོལ་སྤྱོད་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བ་རེད།

    ལམ་ལུགས་ལ་ཤུགས་སྣོན་དང་དོ་དམ་ནན་པོ་བྱས་ཏེ། དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། 《རྫ་ཡུལ་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ཏེ། དོ་དམ་ནན་པོ་དང་གཅེས་སེམས་ཟབ་མོ་ཟུང་འབྲེལ་དང་། ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་པའི་རྩ་དོན་མཐའ་འཁྱོངས་ཀྱིས་བྱ་དགའ་སྤྲད་ནས་ལྕག་སྐུལ་དང་འགན་འཁྲི་བདའ་འདེད་སོགས་ཀྱི་གཏན་འབེབས་ཁ་གསལ་བཟོས་ཤིང་། ཞིབ་ཕྲའི་དོ་དམ་བྱ་ཐབས་ཁག་18ཞིབ་ཚགས་སུ་བཏང་བ་རེད། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་མི་རེར་ལོ་རེར་སྒོར་1000གི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་སྤྲོད་པ་དང་། དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ཏུ་ལས་ཀ་བྱེད་མཁན་མི་རེར་ལོ་རེར་སྒོར་1300ནས་1500བར་གྱི་ཚད་གཞི་ལྟར་སྤྲོད་ཀྱི་ཡོད། ཕུལ་བྱུང་ལས་བྱེད་དང་ཆ་རྐྱེན་འཛོམས་པའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སྔོན་ལ་ཏང་ཡོན་དུ་འཕེལ་རྒྱས་བཏང་ནས། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་འཚར་ལོངས་ཡོང་བའི་ཐབས་ལམ་ལེགས་སུ་དང་ཐོགས་མེད་ཡོང་བར་བྱས་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་12ཏང་ཡོན་ལ་འཕེལ་རྒྱས་བཏང་བ་དང་། མི་15གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གྲས་སུ་བདམས་པ། མི་4གཞུང་ལས་པར(བྱ་གཞག་ཚན་པའི་ལས་མི)བསྡུས་པ་རེད།

    རོགས་ཁྲིད་ལ་ཤུགས་སྣོན་དང་གསོ་སྐྱོང་ལ་མཐོང་ཆེན་བྱས་ནས། ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཞིང་། 2023ལོར“དཔེ་སྟོན་རོགས་ཁྲིད་དང་། གཅིག་སྡུད་གསོ་སྦྱོང་། ལྟ་སྦྱོང་སྤེལ་རེས”ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་དེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་ཆེད་བསྐོས་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་རོགས་བྱས་པ་རེད། ཧྲུའུ་ཅི་དང་པོས“དམར་ཁྲིད”དང་། གྲོང་སྡོད་ལས་དོན་རུ་ཁག་གིས་དཔེ་སྟོན་སྣེ་ཁྲིད། ཕུལ་བྱུང་གི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པས“N+1”རོགས་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད། ལག་ལེན་བྱེད་ཀྱིན་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་འཇོན་ཐང་དང་ནུས་པ་ཆེ་རུ་གཏོང་རོགས་བྱས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱ་རྒྱུ་དེ་ལོ་འཁོར་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཆར་གཞིའི་ནང་བཅུག་པ་དང་། ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་ཆེད་དོན་ཟུར་ཁྲིད་དང་། དཔེ་མཚོན་སློབ་ཁྲིད། ཡུལ་དངོས་སུ་ལྟ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་མི་ཐེངས་100ལྷག་ཙམ་ལ་གསོ་སྦྱོང་བྱས་ཏེ་ཁོང་ཚོ་སྔར་བས་མཐོང་རྒྱ་ཆེ་རུ་དང་། བསམ་ཕྱོགས་ཡངས་སུ། འཇོན་ཐང་ཆེ་རུ་གཏོང་རོགས་བྱས་ཡོད།

    སྐུལ་ལྕག་ལ་ཤུགས་སྣོན་དང་ལས་སྟེགས་བཙུགས་ནས། ནུས་པ་འདོན་པར་སྐུལ་འདེད་བཏང་ཞིང་། རྒྱུན་ལྡན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་། ལོ་མཇུག་གི་དཔྱད་ཞིབ། མི་སྒེར་གྱི་ལས་རྗེས་ངོ་མ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་དཔྱད་ཞིབ་ཀྱི་རིམ་པར་ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས་བྱས་པ་དང་། དཔྱད་ཞིབ་ཕུལ་བྱུང་ཡིན་པའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པར་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའ་ཆ་ཚང་སྤྲོད་པ་དང་། དཔྱད་ཞིབ་ཚད་གཞི་མ་ལོན་པར་སྤྲོད་ཀྱི་མེད་པས། སྔོན་བརྩོན་ལེགས་བསྡུར་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། དོན་དངོས་དང་ཟུང་འབྲེལ་བྱས་ནས་འགན་འཁྲི་ནན་དུ་གཏོང་བ་དང་ལས་འགན་སྤྲད་དེ་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་རྣམས་གྲོང་ཚོ་རིམ་པའི་ལས་དོན་དོ་དམ་དང་། ཐོན་ལས་རྣམ་གྲངས་འཕེལ་རྒྱས། འགལ་བ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ལས་དོན་ཁྲོད་ནུས་པ་འདོན་པར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།