དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་ཟླ་དཔའ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་འཛུགས་སྐྱོང་གི་ལས་དོན་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་དང་ཟུང་འབྲེལ་ནུས་ལྡན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-17

    ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་ཟླ་དཔའ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པ་བཅའ་སྡོད་བྱས་ཚུན། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཏང་འཛུགས་སྐྱོང་གི་ལས་དོན་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་དང་ཟུང་འབྲེལ་ནུས་ལྡན་བྱས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པས། མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཡོངས་ཁྱབ་ཏུ་ཐོབ་ཡོད་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པ་བཅའ་སྡོད་བྱས་ཚུན། སྤེལ་རེས་ཚོགས་འདུ་ཐེངས་མང་འཚོགས་ནས་གྲོང་གསེབ་དར་རྒྱས་ལ་ཇི་ལྟར་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ནུས་པ་ཇི་ལྟར་ཆེ་རུ་གཏོང་བ་སོགས་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་དང་འབྲེལ། བྱ་སྤྱོད་ངོ་མའི་ཐོག་ནས་མང་ཚོགས་ཀྱི་སུན་སྣང་ཆེ་བ་དང་སེམས་ཁྲལ་ཆེ་བའི་གནད་དོན་ཐག་གཅོད་བྱས་ཡོད། ཟླ་དཔའ་གྲོང་ཚོའི་དབྱར་དུས་ཀྱི་ཐན་པ་དང་དགུན་དུས་ཀྱི་འཁྱགས་པ་ཐེབས་པའི་དབང་གིས་དུས་ཚིགས་རང་བཞིན་གྱི་མི་ཕྱུགས་ཀྱི་འཐུང་ཆུར་དཀའ་ངལ་འཕྲད་པར་དམིགས་ཏེ། གྲོང་སྡོད་ལས་དོན་རུ་ཁག་གིས་ཕྱོགས་མང་པོར་འབྲེལ་མཐུད་བྱས་པ་བརྒྱུད་ཁྲོན་པའི་རྣམ་གྲངས་རེ་ཞུ་བྱས་ནས་ཟླ་དཔའ་གྲོང་ཚོའི་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་རྦད་དེ་ཐག་གཅོད་བྱས་ཡོད། ཡུལ་མིའི་རླངས་འཁོར་དང་སྦག་སྦག་འཇོག་ས་ཚད་ལྡན་དུ་གཏོང་ཆེད། གཅེས་སེམས་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་མ་དངུལ་སྒོར་2000གྲབས་གསོག་བྱས་ཏེ་ངར་ལྕགས་གྲུབ་ཆའི་རླངས་འཁོར་འཇོག་ཁང་ཞིག་བསྐྲུན་ནས་མང་ཚོགས་ཀྱིས་རླངས་འཁོར་འཇོག་པར་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་གྲོང་ཚོའི་བཀོད་པ་སྔར་བས་ལེགས་སུ་བཏང་ཡོད། ད་དུང་རྫོང་གློག་བརྙན་དོ་དམ་ས་ཚིགས་དང་མཐུན་སྦྱོར་གྱིས་གྲོང་ཚོར་བསྐྱོད་དེ་མང་ཚོགས་ལ་གློག་བརྙན་བསྟན་ནས་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།