དབུ་ཤོག>ཞིང་འབྲོག་གསར་པ།
  • ནག་ཆུ་གྲོང་ཁྱེར་གྱིས་ཉང་གཡག་གི་གཞི་རྒྱུའི་ཚོགས་པ་འདེམས་གསོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-15

     ཉེ་ཆར་ནག་ཆུ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་འབྲོག་ལས་ཁྱབ་གདལ་ཚན་པས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་ཚོགས་པ་དང་མཉམ་འབྲེལ་ཐོག་ལྷ་རི་རྫོང་དུ་བསྐྱོད་དེ་སྒལ་ཚིགས་མང་བའི་ཉང་གཡག་གི་གཞི་རྒྱུའི་ཚོགས་པ་འདེམས་གསོའི་ལག་རྩལ་གཅིག་སྡུད་དང་རྨང་གཞིའི་ཚོགས་པ་འཛུགས་པའི་དུས་འགོའི་རྨང་གཞིའི་རང་བཞིན་གྱི་ལས་དོན་སྤེལ་ཡོད།

    ལྷ་རི་རྫོང་གི་ཉང་གཡག་ནི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཤིག་ཡིན་ལ། ཉེ་བའི་ལོ་ཤས་རིང་གསར་དུ་རྙེད་པའི་འབྲི་གཡག་གི་རྒྱུད་པ་གསར་པ་ཞིག་ཀྱང་ཡིན། དེ་ནི་འབྲི་གཡག་གི་རྒྱུད་པ་གསར་པ་སྟེ་སྒལ་ཚིགས་མང་བའི་འབྲི་གཡག་ཡིན་ཞིང་། དེ་འབྲི་གཡག་ཁྱུ་ཚོགས་ཁྲོད་ཀྱི་སྤྱིར་བཏང་གི་འབྲི་གཡག་ལས་སྒལ་ཚིགས་མང་བའི་འབྲི་གཡག་ལ་ཟེར་གྱི་ཡོད། སྒལ་ཚིགས་མང་བའི་ཉང་གཡག་གསར་དུ་རྙེད་པ་དེས་ཐོན་རྫས་མཐོ་བའི་འབྲི་གཡག་གི་རྒྱུད་པ་གསར་པ་འདེམས་གསོ་བྱེད་པའི་འཇུར་མིག་མེད་པ་བཟོ་བར་གོ་སྐབས་སྦྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ཚན་རྩལ་ཕྱུགས་དར་དང་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་ལ་བརྩིས་ནས། ནག་ཆུའི་སྒལ་ཚིགས་མང་བའི་འབྲི་གཡག་གི་གཞི་རྒྱུའི་ཚོགས་པ་འདེམས་གསོའི་ལག་རྩལ་གཅིག་སྡུད་དང་རྨང་གཞིའི་ཁྱུ་ཚོགས་འདེམས་གསོ་བྱས་ནས་ཞིབ་འཇུག་བྱ་གཞིར་བྱས་ཏེ་དེང་རབས་ཀྱི་གཞི་རྒྱུའི་ཚོགས་པའི་འདེམས་གསོའི་ལག་རྩལ་སྤྱད་ནས་ནག་ཆུར་སྒལ་ཚིགས་མང་བའི་འབྲི་གཡག་གི་རྒྱུད་པ་གསར་པ་གསོ་ཚགས་བྱས་ཏེ་བོད་རང་སྐྱོང་ལྗོངས་ལ་འབྲི་གཡག་གི་རྒྱུད་པ་གསར་པ་ཐོག་མ་དེ་གསོ་ཚགས་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།  

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།