དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ཕག་གསོ་ཚགས་ཐོན་ལས་ཀྱིས། དམངས་ལ་ཕྱུག་འགྱུར་ལམ་བུ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-29

    ཉེ་བའི་ལོ་ཤས་རིང་། བོད་ཕག་གསོ་ཚགས་དེ་ལྷུན་རྩེ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ཡག་ཤོས་སུ་གྱུར་ཞིང་། དེ་ཡང་ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་གྱི་ཚོང་འགུགས་མ་འདྲེན་དང་ཐོན་ལས་བོད་སྐྱོར་གྱི་ཚད་ཤིང་རྣམ་གྲངས་ཤིག་རེད།

    ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་ཆེད། ཡུལ་སྨད་ཧུའུ་ནན་ཚན་རྩལ་ཀུང་སིས་ཧུའུ་ནན་དང་ལྷོ་ཁའི་ཞིང་ལས་སྣེ་འདྲེན་ཁེ་ལས་མང་དག་ཅིག་ནང་འདྲེན་བྱས་ཁར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མང་མཚོ་གྲོང་ཚོར་ས་རྒྱ་མུའུ་163ལྷག་ཙམ་ཟིན་པའི་བོད་ཕག་ཁྲི་ཡོད་པའི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་ཞིག་བཙུགས། ན་ནིང་ལོ་སྟོད་བར། ཁྱོན་བོད་ཕག་1200ལྷག་ཙམ་གསོས་པར་ཕག་ཕྲུག་4800ལྷག་ཙམ་སྐྱེས་ཡོད། རྣམ་གྲངས་འཛུགས་སྐྲུན་ཐད་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་མང་ཚོགས་མི་ཐེངས་100ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་ནས་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་འབབ་འཕར་སྒོར་ཁྲི་400ལྷག་ཙམ་བྱུང་བ་དང་ཆབས་ཅིག བོད་ཕག་དེ་ཡང་ལྷུན་རྩེ་རྫོང་གི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི“གསེར་གྱི་མིང་བྱང”དུ་གྱུར་ཡོད།

    ཐོན་ལས་དར་སྤེལ་དང་ཞིང་པ་ཕྱུག་འགྱུར་ཐུབ་པར་སྐུལ་འདེད་གཏོང་བའི་འགག་རྩ་དེ་ལག་རྩལ་ལ་ཐུག་པར་དམིགས་ནས། ཡུལ་སྨད་ཧུའུ་ནན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས་ཚན་རྩལ་གསོ་ཚགས་མཐའ་འཁྱོངས་བྱས་ཤིང་། 2020ལོ་ནས་གསོ་ཚགས་རྟེན་གཞིའི་རྣམ་གྲངས་ལག་བསྟར་བྱས་ཚུན། ས་གནས་དེ་གར་ཚན་ཞིབ་ལྟེ་གནས་བཙུགས་ཏེ་རྒྱུད་སྲུང་དང་། རྒྱུད་གསོ། རྒྱུད་ཉར། རྒྱུད་བཅོས་བཅས་གཙོ་གནད་དུ་བྱས་ཐོག་ལྗོངས་ཕྱིའི་མཐོ་གསར་ལག་རྩལ་ནང་འདྲེན་གྱིས་ཕག་ཕྲུག་འཚར་ལོངས་དུས་ཡུན་ཐུང་དུ་བཏང་བ་དང་སྦྲགས། སྤུས་ཚད་དེ་བས་ལེགས་པའི་ཕག་ཤའི་ཐོན་རྫས་ཁྲོམ་རར་བཏོན་པ་རེད། དེ་དང་ཆབས་ཅིག ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ་བྱས་པ་བརྒྱུད་མང་ཚོགས་སྔར་བས་མང་པོར་ཐོན་ལས་ཁྲོད་ནས་ཕན་པ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།