འཕེལ་རྒྱས་གཏིང་ཤུགས་འཕེལ་བར་བྱས། གྲོང་གསེབ་དར་རྒྱས་ཧུར་ཐག་བཏང་།
—— སྣང་རྫོང་སྐྱེམས་སྟོང་ཤང་གིས“ཏང་འཛུགས་སྐྱོང་དང་ལས་དོན་སྣ་ཚོགས་ཟུང་འབྲེལ”གྱི་ལས་ཀའི་རྣམ་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་པའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། སྣང་རྫོང་སྐྱེམས་སྟོང་ཤང་གིས“གཅིག་རེ་གསུམ”གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བསམ་ཕྱོགས་ལ་བརྟེན་ནས་སེམས་ནུས་གཅིག་ཏུ་བསྒྲིལ་ཏེ“རི་བོ་གཉིས་དང་གྲོག་རོང་གཅིག”དང“ཉིས་བརྩེགས”སྲུང་སྐྱོང་ཁུལ་གྱི་ས་ཁོངས་ཀྱི་བཀག་རྒྱ་སེལ་བ་དང་།“ཏང་འཛུགས་སྐྱོང་དང་ལས་དོན་སྣ་ཚོགས་ཟུང་འབྲེལ”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་ཁག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྲིག་དང་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་ཐབས་ལམ་འཚོལ་བ་དང་། སྦྲེལ་ཐག་དམ་དུ་གཏོང་བ། འཕེལ་རྒྱས་དོན་གཉེར་བཅས་བྱས་ཡོད།
ཏང་འཛུགས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱས་པར་ཕན་འབྲས་དངོས་ཐོན་པ།
ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་ནི་གྲོང་གསེབ་དར་རྒྱས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འབྱུང་ཁུངས་ཤིག་རེད། 2023ལོ་ནས་བཟུང་། སྐྱེམས་སྟོང་ཤང་གིས་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ“ཏང་འཛུགས་སྐྱོང”དང“ཐོན་ལས་འཕེལ་རྒྱས”ཕྱོགས་གཉིས་ཀ་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་དམ་པོར་བརྟེན་ནས། ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་ཁ་ཕྱོགས་སྟངས་འཛིན་བྱེད་པར་དམ་འཛིན་བྱས་ཤིང་། གྲོང་ཚོ་ཁག་གི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཞིང་འབྲོག་མང་ཚོགས་ཕྱུག་པོ་ཆགས་པར་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བཞག་ནས་མི་ཚང་མ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་བརྟག་ཞིབ་ཆེན་པོའི་བྱ་སྤྱོད་སྤེལ་བ་དང་། ཏང་ཡོན་གྱི་འཐུས་མི་དང་། གྲོང་མིའི་འཐུས་མི། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་དུས་ཐོག་ཏུ་བསྐོངས་ཏེ། རིམ་རྩིས་བྱས་ན་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་བཞུགས་མོལ་ཚོགས་འདུ་ཐེངས་60ལྷག་ཙམ་ཚོགས་པ་དང་། ཆེད་ལས་མི་སྣ་གདན་དྲངས་ནས་ཐོན་ལས་འཕེལ་རྒྱས་ལ་མཛུབ་ཁྲིད་ཐེངས་10ལྷག་ཙམ་བྱས་ནས་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་གནད་སྨིན་སྟངས་འཛིན་བྱས་ཡོད།
ཐབས་ཤེས་བསླབས་ནས“ལས་ཞོར་གསོ་སྦྱོང”བྱས་ཏེ་བྱ་ཐབས་དངོས་བཏོན་ཞིང་། ཁང་དམར་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཇུས་འགོད་ཞིབ་ཚགས་དང་གནད་སྨིན་ཇུས་འདོན་གྱིས་ལས་གནས་བརྟན་པོ་དང་། ལས་ཞུགས་རྒྱ་སྐྱེད། དམངས་འཚོ་འགན་ལེན་བཅས་ཀྱི་བྱེད་སྒོ་སྤེལ་ཏེ། ལས་གནས་བརྟན་དུ་དང་རྒྱ་ཆེར་གཏོང་བའི“ལས་ཞོར་གསོ་སྦྱོང”ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྔར་ཡོད་ཀྱི་ཁྱིམ་ཆས་ལས་སྣོན་བཟོ་གྲྭ་ལས་སྟེགས་སུ་བྱས་ནས་ཁྱིམ་ཆས་ལས་སྣོན་ལག་རྩལ་གསོ་སྦྱོང་བྱས་པ་རེད། “ལས་ཞོར་གསོ་སྦྱོང”རྣམ་གྲངས་ཀྱིས་མི་ཐེངས་20ལ་ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་བྱས་པར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་སྒོར་ཁྲི་12ལྷག་ཙམ་བྱུང་ཡོད། སྤང་དམར་གྲོང་ཚོས་དུས་ཡུན་ཉིན་45ཡི་ཞིང་འབྲོག་པའི་རྒྱ་ཟས་ཀྱི་མ་བྱན་གསོ་སྦྱོང་འཛིན་གྲྭ་གཉེར་བར་མང་ཚོགས་40ལྷག་ཙམ་ལ་ཕན་པ་ཐོབ་ཡོད། སྐྱེམས་སྟོང་ཤང་གིས་རྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བར་མང་ཚོགས་12ལ་ཕན་པ་ཐོབ་ཡོད།
ཏང་འཛུགས་སྐྱོང་དང་གྲོང་གསེབ་བཅོས་སྐྱོང་ཟུང་འབྲེལ་བྱས་ནས་ཐོབ་ཐང་མངོན་པ།
ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་ནི་གྲོང་གསེབ་དར་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ཐབས་ཇུས་ཤིག་རེད། སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ཡུལ་སྲོལ་བཟང་པོར་སྐུལ་འདེད་གཏོང་ཆེད། སྐྱེམས་སྟོང་ཤང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་གཡུལ་སའི་ནུས་པར་བརྟེན་ནས“ཏང་འཛུགས་སྐྱོང”དང“གྲོང་གསེབ་བཅོས་སྐྱོང”ཟུང་འབྲེལ་དམ་ཟབ་དང་ཕན་ཚུན་ནུས་པ་སྦྱིན་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
རྒྱལ་ཁབ་ཀྱི་མ་དངུལ་དང་བོད་སྐྱོར་གྱི་མ་དངུལ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་མཉམ་སྐྲུན་བྱས་ཤིང་། བོད་སྐྱོར་དང་གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་1བརྩོན་ལེན་ཧུར་ཐག་བྱས་ནས་སྟོང་གཤོང་གྲོང་ཚོ་དང་བཞུགས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས། ཤང་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གྲོང་ཚོ་ཧྲིལ་པོར་སྐུལ་སྤེལ་གཏོང་ཚད་90%ཡན་ཟིན་ཡོད་པ་རེད།
དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”སློབ་སྦྱོང་དང་དཔྱད་གཞིར་འཛིན་ཞིང་། “ས་ཚིགས་གཉིས་ཀྱི་ཁོངས་མི་གཉིས”དང་། “གཉིས་ལྡན་དུད་སྦྲེལ” “མཐའ་སྲུང་བ” དེ་བཞིན“གྲོང་ཚོ་གཅིག་ལ་ཉེན་རྟོག་པ་གཉིས”བཅས་ཀྱི་མཉམ་འགོག་མཉམ་འགུལ་གྱི་ནུས་པ་མངོན་གསལ་དོད་པོ་བཏོན་ནས་དུས་བདེ་འཛུགས་སྐྲུན་གཏིང་ཟབ་དང་དྲ་མིག་ཅན་གྱི་དོ་དམ་འཐུས་སྒོ་ཚང་དུ་བཏང་བ་དང་། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁག་480གྲལ་བཤེར་བྱས་ཡོད། “གཅིག་འཐུས་རྣམ་པ”དང་དུད་སྦྲེལ་སྤྱི་མིའི“གསལ་ཤེས་གཱ་ལྔ”བརྒྱུད་རྩོད་གཞི་ཁག་3འདུམ་འགྲིག་བྱས་ནས་འདུམ་འགྲིག་བྱེད་ཚད་100%ཟིན་པ་དང་མང་ཚོགས་ཀྱི་སྐྱིད་སྣང་དང་། བདེ་འཇགས་ཚོར་སེམས། བློ་ཡིད་ཚིམ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
ཏང་འཛུགས་སྐྱོང་དང་རིག་གནས་འཛུགས་སྐྱོང་ཟུང་འབྲེལ་བྱས་ནས་རང་མདངས་མངོན་པ།
ཏང་འཛུགས་སྐྱོང་གིས་རིག་གནས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ་ནི་གྲོང་གསེབ་དར་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། སྐྱེམས་སྟོང་ཤང་གིས་ཏང་འཛུགས་སྐྱོང་ལས་དོན་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་བསྒྱུར་ནས་སྐྱེམས་སྟོང་ཤང་གི་མཐའ་མཚམས་ཀྱི་གསར་བརྗེའི་ཏང་འཛུགས་སྐྱོང་གི་བར་ཁྱམས་ལ་བརྟེན་ནས“ཏང་འཛུགས་སྐྱོང”དང“རིག་གནས་འཛུགས་སྐྱོང”ཟུང་དུ་འབྲེལ་བར་སྐུལ་འདེད་བཏང་ཡོད།
ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱར་དམིགས་ཤིང་། “གཅིག་རེ་གསུམ”གྱི་མཐའ་མཚམས་ཏང་འཛུགས་སྐྱོང་གི་མཁར་རྫོང་མུ་མཐུད་བརྟན་དུ་གཏོང་བ་དང་། ཏང་གི་སྲིད་འཛིན་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ། “ཏང་ཡོན་གྱི་འགན་ལེན་གསུམ”གྱི་རིགས་དབྱེ་དོ་དམ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཤེལ་རི་ཁ་གྲོང་ཚོ་དང་། གླ་གཡེར་གྲོང་ཚོ། སྟོང་གཤོང་གྲོང་ཚོ་བཅས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་དཔེ་སྟོན་ས་ཚིགས་3བཏོད་ཡོད།
དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་དང་ཟུང་འབྲེལ་བྱས་ཏེ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཤིང་། “གནས་གཉིས་ཐིག་གཅིག”གི་མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས་ལ་བརྟེན་ནས་2023ལོ་ནས་བཟུང་ཁྱོན་རྫོང་རིམ་པ་ཡན་གྱི་ལྟ་སྐོར་ཚན་པ་76དང་མི་ཐེངས་1500ལྷག་ཙམ་ལ་སྣེ་ལེན་ཞུས་པ་མ་ཟད། ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་བྱ་བ་བརྗོད་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ《ལོ་བརྒྱའི་གཟི་དཔལ་ལ་གུས་འདུད་ཞུ》དང《ལེ་དབར་སྟོང་གི་མཐའ་མཚམས་ཀྱི་རྒྱལ་དར་དམར་པོ》སོགས་གསར་བརྗེའི་གསར་རྩོམ་འཁྲབ་ཚན་8བཏོད་པས་མང་ཚོགས་མི་ཐེངས་1000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།