དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་གསེབ་རྣམ་པ་ལྷ་ཡུལ་ལས་ཀྱང་མཛེས། བདེ་སྐྱིད་འཚོ་བ་སྦྲང་རྩི་ལས་ཀྱང་མངར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-18

    སྟག་རྩེ་ཆུས་ཞོག་ཤང་ཆུ་མདའ་གྲོང་ཚོར་སྐྱོད་སྐབས་བོད་བཟོའི་སྤྲོ་ཁང་མི་ཉུང་བ་ཞིག་མིག་ལམ་དུ་འཆར་འོང་། དེ་ནི་སྟག་རྩེ་ཆུས་ཀྱིས་འདི་ལོའི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་རྣམ་གྲངས་ཁག་གཉིས་པ་ལག་བསྟར་བྱས་པའི་གྲུབ་འབྲས་ཡིན་ཞིང་། གྲོང་མི་བཀྲ་ཤིས་ཀྱི་ནང་མི་ཡང་དེའི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད།

    བཀྲ་ཤིས་ཀྱི་ཁྱིམ་ལ་ཁང་པ་གསར་པ་རག་རྗེས་ལམ་སེང་མཛེས་བཟོ་བྱེད་འགོ་ཚུགས། མིག་སྔར་ཁོང་ཚོས་ཁང་པ་གསར་པར་སྤོ་བའི་གྲ་སྒྲིག་བྱེད་བཞིན་ཡོད། “སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་བ་ནི་ལོ་འདི་དག་རིང་ངའི་བསམ་འདུན་ཡིན། ད་ཆ་སྲིད་གཞུང་གིས་ང་ཚོར་ཁང་པ་རྒྱག་རོགས་གནང་བས་སེམས་ཧ་ཅང་སྐྱིད་པོ་བྱུང་། ཁང་པ་གསར་པ་རྒྱ་ཆེ་ལ་དཀར་ཆ་དོད་པ་མ་ཟད། ད་དུང་དེང་རབས་ཀྱི་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱས་འདུག”ཅེས་ཁང་པ་གསར་པའི་སྐོར་གླེང་སྐབས་བཀྲ་ཤིས་ཀྱིས་དྲིན་ཚོར་གྱི་སེམས་པ་འཆང་བཞིན་དེ་ལྟར་བཤད་པ་དང་། ཁོང་གིས་ང་ཚོ་མགྱོགས་པོ་ཁང་པ་གསར་པར་སྤོས་ནས་འཚོ་བ་གསར་པ་སྐྱེལ་གྱི་ཡིན། ཏང་དང་སྲིད་གཞུང་གིས་ང་ཚོ་མི་སེར་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད།

    “མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། གྲོང་མི་དེ་བས་མང་བས་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། ཞོག་ཤང་ཆུ་མདའ་གྲོང་ཚོའི་འགྱུར་ལྡོག་ནི་སྟག་རྩེ་ཆུས་ཀྱི་གྲོང་གསེབ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་མཚོན་ཚུལ་ཞིག་རེད།

    འདི་ལོ་ནས་བཟུང་སྟག་རྩེ་ཆུས་ཀྱིས་རིམ་པ་དེ་གའི་ནོར་སྲིད་ཀྱི་ལྷན་སྦྱར་མ་དངུལ་སྒོར་ཁྲི་7080བཏང་ནས་སྤུས་ཚད་མཐོ་ལ་ཚད་གཞི་མཐོ་བའི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”རྣམ་གྲངས་ཁག་གཉིས་པར་སྐུལ་འདེད་དང་། གྲོང་གསེབ་དར་རྒྱས་གཏོང་བའི་བྱ་སྤྱོད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་སྡོད་མལ་ལ་འཚམ་པའི་གྲོང་གསེབ་བསྐྲུན་ཡོད། གསར་འགོད་པར་སྟག་རྩེ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར། སྟག་རྩེ་ཆུས་ཀྱི་2023ལོའི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”རྣམ་གྲངས་ཁག་གཉིས་པ་འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞི་དང་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ལེགས་སྒྱུར་དང་རིམ་སྤོར་གྱི་འཛུགས་སྐྲུན་རྣམ་གྲངས་དེ་ཐང་དཀར་ཤང་དང་། ཞོག་ཤང་། འབྲོམ་ཐོད་ཤང་། དར་རྒྱས་ཤང་བཅས་ཤང་དང་གྲོང་རྡལ་བཞིའི་དུད་ཚང་ཁྱོན་439དང་འབྲེལ་བ་ཡོད་ཅིང་། རྣམ་གྲངས་དེ་2023ལོའི་ཟླ་7ཚེས་1ཉིན་གོང་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་དང་། ཡོངས་བསྒྲགས་དཔྱད་མོལ། ཡོངས་བསྒྲགས་སྤྱི་བསྒྲགས། རོགས་སྐྱོར་བྱ་ཡུལ་གཏན་འཁེལ་སོགས་ཀྱི་ལས་དོན་བསྒྲུབས་ནས། ཟླ་བརྒྱད་པར་ཁྱོན་ཡོངས་ནས་ལག་ལེན་བསྟར་ཡོད། མིག་སྔར་ཐང་དཀར་ཤང་གི་དུད་ཚང་192ཀྱི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་དང་དུད་ཚང་34ཡི་ལས་མཇུག་འགྲིལ་ནས་རྩིས་སྤྲོད་རྩིས་ལེན་ཟིན་ཡོད། ཞོག་ཤང་གི་དུད་ཚང་104ཡི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་དང་དུད་ཚང་6ལས་མཇུག་འགྲིལ་ནས་རྩིས་སྤྲོད་རྩིས་ལེན་ཟིན་ཡོད། འབྲོམ་ཐོད་ཤང་གེ་རེ་གྲོང་ཚོའི་དུད་ཚང་63ཡི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་དང་དུད་ཚང་2ཀྱི་ལས་མཇུག་འགྲིལ་ནས་རྩིས་སྤྲོད་རྩིས་ལེན་བྱས་ཟིན། དར་རྒྱས་ཤང་གི་དུད་ཚང་75ཡི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་དང་དུད་ཚང་12ཀྱི་ལས་མཇུག་འགྲིལ་ནས་རྩིས་སྤྲོད་རྩིས་ལེན་བྱས་ཟིན། སྔོན་དཔག་བྱས་ན། 2024ལོའི་ཟླ་3པར་རྣམ་གྲངས་ཆ་ཚང་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཡོད།

    “རྣམ་གྲངས་ཁག་དང་པོ་2023ལོའི་ཟླ་བཞི་པར་བདེ་བླག་ངང་སྤེལ་རྗེས། 2023ལོའི་ཟླ་བརྒྱད་པར་ང་ཚོས‘མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས’རྣམ་གྲངས་ཁག་གཉིས་པ་དངོས་སུ་ལག་ལེན་བསྟར་འགོ་བཙུགས་ཡོད། ད་ཐེངས་ཀྱི་རྣམ་གྲངས་དེ་དུས་འགོའི་རྣམ་གྲངས་དང་བསྡུར་ན་ང་ཚོས་སྲིད་གཞུང་གི་ཁ་གསབ་70%དང་མང་ཚོགས་ཀྱིས་རང་གྲབས་བྱས་པའི་30%ཡི་མ་དངུལ་སྤྱད་དེ། མང་ཚོགས་རྣམ་གྲངས་ཀ་པ་ཕྱོགས་ལྟ་བུར་འགྱུར་བར་བྱས་པས་གདམ་གའི་དབང་ཆ་དང་རང་བརྟེན་དབང་ཆ་མང་པོ་ཡོད། དེ་དང་ཆབས་ཅིག་ང་ཚོའི་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཀྱང་སྡེ་ཚན་ཁག་ལ་མངགས་བཅོལ་བྱས་ནས་ཕྱོགས་བསྡུས་བློ་འདྲི་དང་། ཇུས་འགོད། ཐིག་ལེན་རིས་འབྲི། ཞིབ་དཔྱད་སོགས་ཕྱོགས་གསུམ་པའི་ཞབས་ཞུའི་ཚན་པས་རྣམ་གྲངས་ལག་ལེན་བསྟར་རིང་ཞིང་འབྲོག་མང་ཚོགས་ཀྱི་ཁང་པ་འཛུགས་སྐྲུན་ལས་དོན་ལ་ལག་རྩལ་གྱི་རྒྱབ་སྐྱོར་བྱས་པ་དང་། ཁང་པ་འཛུགས་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་བརྟན་པོ་བྱས་ཡོད”ཅེས་སྟག་རྩེ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ལུའོ་པིན་གྱིས་བརྗོད།

    “མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་དེ་ནི་སྟག་རྩེ་ཆུས་ཀྱིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་ཞིང་འབྲོག་ཁུལ་གྱི་སྡོད་ཁང་སྐྲུན་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན་པས། རྣམ་གྲངས་དེ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་བརྒྱུད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ལེགས་སུ་དང་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་འགྲོ་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།