དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཞོག་ཁོག་སེར་པོ་གསེར་རྡོག་འདྲ། འབབ་འཕར་གཏོད་པའི་མཆོག་ནོར་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-09

    བོད་ཀྱི་ལྗགས་སྨིན་ཞིམ་ཟས་སྐོར་གླེང་སྐབས་མི་མང་ཆེ་བས་རྩམ་པ་དང་། ཇ་བསྲུབས་མ། ཚགས་ཤ ཞོག་ཁོག་སོགས་གླེང་སྲིད་ཅིང་། འདི་དག་ནི་བོད་ཀྱི་ཞིམ་ཟས་ཀྱི་མཚོན་བྱེད་རང་བཞིན་ཆེ་ཤོས་དང་རྒྱུན་དུ་མཐོང་མང་ཤོས་ཀྱི་བཟའ་བཅའ་འགའ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས“ཨེ་མར་ཞོག་ཁོག”གི་སྤུས་རྟགས་དང་། སོན་བཟང་། སྤུས་ཚད་སོགས་རྒྱུན་མཐུད་ལེགས་སུ་བཏང་བས། ཆེ་ལ་པགས་པ་སྲབ་པ་དང་བྲོ་བ་ཆེ་བའི་ཨེ་མར་ཞོག་ཁོག་ནི་སྐུ་མགྲོན་ཚོས་དགའ་ཤོས་བྱེད་ས་དང་ཁྲོམ་རར་བྲིན་ཁ་རྒྱུག་ཤོས་ཤིག་ཏུ་གྱུར་ཡོད། ད་ཆ་ཨེ་མར་ཞོག་ཁོག་རིམ་བཞིན་བོད་ཀྱི་ཁྱད་ལྡན་བཟོ་ཐབས་ལ་བརྟེན་ནས་གསོལ་ལྕོག་སྟེང་གི་ཞིམ་ཟས་སུ་གྱུར་བ་མ་ཟད། གློག་རྡུལ་ཚོང་དོན་དང་ཟོག་འགྲེམས་ལས་སྟེགས་བརྒྱུད་དེ་བས་རྒྱ་ཆེ་བའི་ལྗོངས་ཕྱིའི་ཁྲོམ་རར་འཚོང་བཞིན་ཡོད།

    ཀྲུང་གོ་སྦྲག་སྲིད་རྣམ་གླིང་རྫོང་ཡན་ལག་ཀུང་སིར་རྣམ་གླིང་གྲོང་རྡལ་སྒང་པ་གྲོང་ཚོའི་གྲོང་མི་སྐལ་དབྱངས་ཀྱིས་ལྗོངས་ཕྱིའི་གྲོགས་པོར་ཨེ་མར་ཞོག་ཁོག་སྐུར་བཞིན་ཡོད་ཅིང་། ཁོང་གིས་གསར་འགོད་པར། ངའི་ལྗོངས་ཕྱིའི་གྲོགས་པོ་དེ་སྔ་འདི་གར་ཡོང་མྱོང་ཡོད། ཁོང་གིས་ཨེ་མར་ཞོག་ཁོག་ཧ་ཅང་ཞིམ་པས་ཕྲུ་གུར་ཡང་སྟེར་འདོད་འདུག་པས། ངར་སྒམ་ཁ་ཤས་བསྐུར་རོགས་ཟེར་གྱི་འདུག་ཅེས་བརྗོད།

    དེ་སྔ“ཕྱིར་ཚོང་དཀའ་བ་དང་ཟོག་འགྲེམས་དཀའ་བ”ནི་ཐོན་ལས་དར་རྒྱས་དང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ཚད་བཀག་བཟོ་བའི་དཀའ་གནད་ཅིག་ཏུ་གྱུར་ཡོད། མང་ཚོགས་ལ་ས་གནས་དེ་གའི་ཞིང་ཞོར་ཁྱད་ལྡན་ཐོན་རྫས“ཞིང་ཁ་ནས་གསོལ་ལྕོག་བར”གྱི་ཐོན་སྐྱེད་དང་ཕྱིར་ཚོང་གི་སྦྲེལ་ཐག་གཏོད་རོགས་བྱ་ཆེད། ཀྲུང་གོ་སྦྲག་སྲིད་རྣམ་གླིང་རྫོང་ཡན་ལག་ཀུང་སིས་སྦྲག་སྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ནས། ཞིང་པའི་ཆེད་ལས་མཉམ་ལས་ཁང་རིམ་སྤོར་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་དམིགས་ཏེ་རང་ངོས་ཀྱི་ཟོག་འགྲེམས་ཐབས་ལམ་བསྡུ་སྒྲིལ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་ཕྱོགས་པ། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལེགས་ཆ་གང་ལེགས་འདོན་པ་བཅས་བྱས་ཏེ་ཞིང་ལས་ཐོན་རྫས་ཚོང་རོགས་བྱས་ཡོད།

    ཀྲུང་གོ་སྦྲག་སྲིད་རྣམ་གླིང་རྫོང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚེ་རིང་དབང་རྒྱལ་གྱིས། རྣམ་གླིང་རྫོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཤིག་ཡིན་པའི་ཨེ་མར་ཞོག་ཁོག་ལོ་ལྟར་མི་མང་པོས་སྦྲག་སྲིད་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐུར་གྱི་ཡོད། ད་ལོ་ང་ཚོས་རྣམ་གླིང་རྫོང་ཨེ་མར་ཤང་སྲིད་གཞུང་དང་མཉམ་འབྲེལ་གྱིས་ཨེ་མར་ཤང་གི་ཞོག་ཁོག་དྲ་ཐོག་ཚོང་དོན་ལས་སྟེགས་སུ་བཏོན་ནས། གྲོགས་པོ་དེ་བས་མང་བར་དེའི་བྲོ་བ་མྱོང་དུ་བཅུག་སྟེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་བརྗོད།

    ཨེ་མར་ཞོག་ཁོག་གི་ཐོན་ལས་སྦྲེལ་ཐག་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། དེ་ནི་སྐུ་མགྲོན་ཚོས་དགའ་ཤོས་བྱེད་ས་དང་ཞིང་པ་ཚོར་འབབ་འཕར་ཕྱུག་འགྱུར་གཏོད་པའི་མཆོག་ནོར་ཞིག་ཏུ་གྱུར་ཡོད།

    ཨེ་མར་ཤང་ལྷ་བུ་གྲོང་ཚོའི་ཡུལ་མི་ཚེ་ནོར་གྱི་ཁྱིམ་ལ་ས་ཞིང་མུའུ་40ལྷག་ཙམ་ཡོད་པ་ལས་མུའུ་20ལྷག་ཙམ་ལ་ཞོག་ཁོག་བཏབ་ཡོད་པར། མིག་སྔའི་བར་དངུལ་སྨར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་བ་དང་ཞོག་ཁོག་དང་བརྗེས་པའི་འབྲུ་རིགས་དོ་པོ་100ཟིན་ཡོད་པ་རེད།

    གསར་འགོད་པས་རྣམ་གླིང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར། 2023ལོར་རྣམ་གླིང་རྫོང་གི་ཞོག་ཁོག་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་ལ་མུའུ་1329ཟིན་པར་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་540ཟིན་པ་དང་། ས་ཞིང་ཆེན་པོ་མུའུ་ཁྲི་4.8ཁྱབ་གདལ་བཏང་བར་ཐོན་འབབ་ཏུན་ཁྲི་12ལྷག་ཙམ་ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.93ཟིན་ཡོད་པ་རེད།

    རྣམ་གླིང་རྫོང་གི་འབྲེལ་ཡོད་འགན་འཁུར་བས། རྣམ་གླིང་རྫོང་གི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་འཆར་འགོད་འཐུས་ཚང་དང་དོན་འཁྱོལ་ཡག་པོ་བྱས་ཏེ། “ཞོག་ཁོག་གི་འདེབས་ཁྱོན་ཆེ་རུ་གཏོང་བ་དང་། འཚོང་བྱའི་ཞོག་ཁོག་ལེགས་སྒྱུར་བྱེད་པ། ཁྲོམ་རར་བྲིན་ཁ་རྒྱུག་པ”བཅས་ཀྱི་སྟོན་ཕྱོགས་ལ་གཞིགས་ནས། “གླིང་གཅིག(ཤངས་ཆུའི་ཞིང་ལས་ཐོན་ལས་དཔེ་སྟོན་གླིང)དང་། ལྟེ་གནས་གཅིག(ཞོག་ཁོག་འདེབས་གསོའི་ལྟེ་གནས)སྤུས་རྟགས་གཅིག(ཨེ་མར་ཞོག་ཁོག་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས)མ་ལག་གཉིས(སོན་བཟང་མཁོ་འདོན་མ་ལག་དང་ཚན་རྩལ་ཞབས་ཞུའི་མ་ལག)རྟེན་གཞི་གསུམ(ཞོག་ཁོག་ཐོན་སྐྱེད་མཁོ་སྤྲོད་རྟེན་གཞི་དང་། ཆེད་སྤྱོད་ཞོག་ཁོག་ཐོན་སྐྱེད་རྟེན་གཞི། ཞོག་ཁོག་སོས་པ་འདེབས་འཛུགས་རྟེན་གཞི)བཅས་བཙུགས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།