དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས“བཞོན་མ་ཁྲ་ཁྲའི”གསོ་ཚགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

     ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་ལྷུན་རྩེ་རྫོང་གཉལ་གཞུང་ཚད་ལྡན་བཞོན་མ་གསོ་ཚགས་ར་བ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་ནས་རྒྱུད་པ་ལེགས་བཅོས་བྱས་རྗེས་ཀྱི“བཞོན་མ་ཁྲ་ཁྲ”གསོ་ཚགས་གཙོ་བོར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ས་ཁྱོན་མུའུ་180ལྷག་ཙམ་ཟིན་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.53བཏང་བ་དང་འབྲེལ་2018ལོའི་ཟླ་12པར་སྤྱོད་འགོ་ཚུགས་པ་རེད། འོ་ཁུངས་རྟེན་གཞིར་བྱེད་ནུས་ཁུལ་བཞི་དབྱེ་བ་དང“ཀུང་སི+རྟེན་གཞི+ཞིང་དུད”བཅས་ཀྱི་འཁོར་སྐྱོད་བྱེད་ཐབས་ནས་བཞོན་མ་གསོ་ཚགས་དང་། དཀར་ཆུའི་ཐོན་རྫས་ལས་སྣོན། སྐྱེ་ལྡན་ལུད་ཐོན་སྐྱེད། མི་ཐབས་རྩྭ་འདེབས་བཅས་བྱས་པ་བརྒྱུད་རྣམ་གྲངས་ཀྱི་ཐོན་ལས་འཁོར་འབྲེལ་སྔར་བས་སྣུར་སྲིང་བྱས་ཏེ་བཞོན་མ་གསོ་ཚགས་ཀྱི་དཔལ་འབྱོར་ཕན་འབྲས་ཆེ་རུ་བཏང་ཡོད། མིག་སྔའི་བར། རྟེན་གཞིས་བཞོན་མ་948གསོ་ཚགས་བྱས་པ་དང་ལོ་རེར་ཆ་སྙོམས་འོ་མ་ཐོན་ཚད་ཏུན་2007.5ལྷག་ཙམ་ཟིན་གྱི་ཡོད།

    དེ་དང་ཆབས་ཅིག 2019ལོ་ནས་བཟུང་རྟེན་གཞིས་ལོ་གསུམ་བསྟུད་མར་ལྷུན་རྩེ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་692ལ་མི་རེར་ཆ་སྙོམས་བགོ་འགྲེམས་སྒོར་1000བརྒྱབ་པ་མ་ཟད། ལས་ཞུགས་ལས་གནས་200མཁོ་འདོན་བྱས་ནས་དུད་ཚང་73གྱི་མི་135ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར། ལྷུན་རྩེ་རྫོང་གི་བ་གླང་རྒྱུད་པ་ལེགས་བཅོས་རྣམ་གྲངས་དེ་ཁོངས་གཏོགས་ཁུལ་གྱི་གྲོང་རྡལ་2དང་ཤང་3གྱི་སྲིད་འཛིན་གྲོང་ཚོ་56ལ་ཁྱབ་པ་དང་། “བ་གླང་གི་རྒྱུད་པ་ལེགས་བཅོས་ས་ཚིགས”48བཀོད་སྒྲིག་བྱས་པར་ལག་རྩལ་མི་སྣ་66དང་རྒྱུད་པ་ལེགས་གཏོང་གི་བ་གླང་མགོ་གྲངས་10188བཅས་ཡོད་པར་རྒྱུད་པ་ལེགས་བཅོས་ཐུབ་ཚད་95%ཡན་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།