དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷ་རི་རྫོང་སྙེ་བོ་ཤང་གིས་བོད་ཕག་གསོས་ནས་མང་ཚོགས་ལ་ཡོང་འབབ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེ་བོ་ཤང་བོད་ཕག་བཟའ་བཅའ་ལས་སྣོན་རྟེན་གཞི་དངོས་སུ་བཙུགས་ཤིང་། རྟེན་གཞིའི་རྒྱ་ཁྱོན་ལ་མུའུ་30ཡོད་པར་བཟའ་བཅའ་ཐོན་སྐྱེད་འཁོར་ཁང་ལ་མུའུ་3དང་བཤས་ར་དང་གསོ་ཚགས་བྱེད་སར་མུའུ་27ཡོད། ས་གནས་དེ་གའི་ཞིང་དུད་དེ་བས་མང་བ་བོད་ཕག་གསོ་ཚགས་ལས་དོན་ནང་ཞུགས་པར་ལྕག་སྐུལ་དང་བོད་ཕག་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་ཆེད། སྙེ་བོ་ཤང་གིས་ནང་སའི་ཁེ་ལས་ཀྱི་ལག་རྩལ་དང་ཤེས་ལྡན་པ་ནང་འདྲེན་བྱས་པ་བརྒྱུད“ཁེ་ལས+རྟེན་གཞི+ཞིང་དུད”ཀྱི་གསོ་ཚགས་བྱ་ཐབས་སྤྱད་དེ་ཕག་པ་ཁྲི་གཤོང་བའི་ཕག་གསོ་ར་བ་བསྐྲུན་པས་ཚད་ལྡན་ཅན་དང་། གཞི་ཁྱོན་ཅན། ཁྲོམ་ར་ཅན་བཅས་ཀྱི་གཉེར་སྐྱོང་ལ་རྨང་གཞི་བཟང་པོ་བཏིང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་ལྷ་རིའི་བོད་ཕག་ལ་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཐོན་རྫས་ཀྱི་མཚན་སྙན་ཐོབ་ཅིང། ཉེ་བའི་ལོ་ཤས་རིང་། སྙེ་བོ་ཤང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ཁྱད་ལྡན་ཐོན་ལས་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་བས། བོད་ཕག་རྒྱུད་བཟང་གསོ་སྤེལ་གཙོ་བོར་བྱེད་པ་དང་ཐོན་རྫས་ཕྱིར་ཚོང་རམ་འདེགས་སུ་བྱེད་པའི་གཉེར་སྐྱོང་གི་རྣམ་པ་རིམ་གྱིས་གྲུབ་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། བཟའ་བཅའ་ལས་སྣོན་རྟེན་གཞིར་ལག་ཡོད་བོད་ཕག་མགོ་གྲངས་143ཡོད་པ་དང་རྟེན་གཞིས་ད་དུང་ཕག་ཤ་བསྙལ་མ་སོགས་བཟོ་གི་ཡོད་པས། 2023ལོར་ཡོང་འབབ་སྒོར་ཁྲི་20ཟིན་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།