དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • བ་རར་དཀར་ཆུའི་ཐོན་ལས་འབེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-29

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཀྲི་ལུང་ཤུར་སྐྱེ་ཁམས་སྲུང་སྐྱོང་ཁུལ་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚད་གཞི་མཐོ་བའི་བ་ར་ནི་མིག་སྔར་རང་རྒྱལ་གྱི་ས་བབ་མཐོ་ཤོས་དང་། ཐོན་སྐྱེད་བཟོ་རྩལ་བརྒྱུད་རིམ་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དང་མཐུན་ཤོས། བོད་ཀྱི་གཞི་ཁྱོན་ཆེ་ཤོས་བཅས་ཀྱི་དེང་རབས་ཅན་གྱི་སྐྱེ་ཁམས་འབྲོག་ར་ཞིག་རེད། འབྲོག་ར་དེ་བཙུགས་ཚུན། བ་ར་དེར“ཐོན་སྐྱེད་དང་། མཁོ་སྤྲོད། ཕྱིར་ཚོང”བཅས་འཐུས་སྒོ་ཚང་བའི་ཐོན་ལས་འཁོར་འབྲེལ་ཞིག་གྲུབ་པ་དང་སྦྲགས། བ་རར་གསོ་བ་དང་ཕྱི་ལ་གློད་ནས་འཚོ་བ་ཟུང་དུ་འབྲེལ་བ་ནས་དེང་རབས་ཅན་གྱི་བ་རའི་བར་དང་། ཆར་རླུང་འགོག་མི་ཐུབ་པའི་སྔོན་མའི་བ་ར་ནས་དགུན་ཁ་དྲོ་ལ་དབྱར་ཁ་བསིལ་བའི་དེང་གི་བ་རའི་བར། སྲོལ་རྒྱུན་གྱི་འོ་མ་འཇོ་སྟངས་ནས་དེང་གི་འཕྲུལ་འཁོར་ལ་བརྟེན་ནས་འོ་མ་འཇོ་བའི་བར་གྱི་འགྱུར་ལྡོག་བྱུང་ཡོད་ཅིང་། འདི་ནི་ལས་མིས་བ་རར་གཙང་སྦྲ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།