ཐོན་ལས་དར་རྒྱས་ཕྱིན། འཚོ་བ་ཕུན་སུམ་ཚོགས།
འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཉང་གཡག་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་བཟོས་ལ་ལ་བཟོ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་འབྲོག་ལས་ཀྱི་རྩ་བར་གཞི་ཚུགས་ཏེ་ཉང་གཡག་ཀུང་སིས་འབྲི་གཡག་གསོ་ཚགས་དང་། གཟན་ཆག་ཕྱིར་ཚོང་། འབྲོག་ཟོག་ཐོན་སྐྱེད་དང་ཕྱིར་ཚོང་བཅས་ཟུང་དུ་འབྲེལ་བའི་སྤྱིའི་བཀོད་པ་ཤུགས་ཆེན་བཏོད་ཡོད། ཀུང་སིས་འོ་མ་དང་ཚགས་ཤ་ཉོ་སྒྲུབ་དང་རྒྱུད་བཟང་འབྲི་གཡག་ཁྱབ་གདལ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཁྱོན་མཉམ་ལས་ཁང་74དང་འབྲོག་དུད་2138ཀྱི་མི་8100ལ་སྐུལ་ཁྲིད་བྱས་པ་དང་། གཞི་ཁྱོན་ཅན་དང་། ཆེད་ལས་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུར་རིམ་བཞིན་བསྐྱོད་པ། ཐོན་སྐྱེད་གཞི་ཁྱོན་ཅན་དང་། སྤུས་ཚད་གཅིག་གྱུར་ཅན། ཕྱིར་ཚོང་གཞི་གཅིག་ཅན་བཅས་ཀྱི་ཐོན་ལས་བཀོད་པ་གསར་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།